བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས།
བདུད་ལྷ་རྒྱལ། མཚོ་སྔོན་རེབ་གོང་དུ་སྐྱེས། འབུམ་རམས་པ།
དགེ་རྒན་ཆེན་མོ་ཡིན། 1990ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་མཐར་ཕྱིན་ཏེ་དགེ་རྒན་དུ་བསྐྱུར་པ་ནས། ད་བར་དུ་སློབ་གྲྭ་དེ་ག་རུ་དགེ་རྒན་ཕྱག་ལས་གནས་མུས་ཡོད། 1995ལོར་རབ་འབྱམས་པའི་དམ་བཅའི་དཔྱད་རྩོམ་ལ་<<སྙན་ངག་གསར་རྙིང་གཉིས་ཀྱི་ཐོག་མའི་གཤིབ་བསྡུར་>>ཞེས་པ་བྲིས། 2009ལོར<<བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ>>ཅེས་པའི་དཔྱད་རྩོམ་བྲིས་ཏེ་འབུམ་རམས་པའི་དམ་བཅའ་བཞག
ད་བར་དུ་རྩོམ་རིག་ཕྱོགས་ཀྱི་དཔྱད་རྩོམ50ལྷག་སྤེལ་ཅིང་། <<བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ>>ཞེས་པའི་བསླབ་དེབ་ཅིག་སྒྲིག་རྩོམ་བྱས། སྔ་རྗེས་སུ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། བོད་ཀྱི་རྩོམ་རིག་སྒྱུ་རྩལ་བྱ་དགའ་བཅས་ཐོབ་མྱོང་།
Tags:
བོད་གནས།