རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན་དང་བོད་རྒྱལ་ལོ་ཟེར་བ་དེ་ཏག་ཏག་བསྡད་ཡོད་པ་རེད་དམ།

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་གྱི་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༡༠ ལས་ཉིན་གཉིས་པའི་སྟེང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ནས་ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་གསུམ་བཅུའི་དུས་དྲན་དང་བསྟུན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་བཤད་དང་སྐབས་དེར་མཛད་སྒོའི་སྟེང་མི་མང་ལངས་གླུ་བླངས་པ་སོགས་ཀྱི་ཐད་དོགས་འདྲི་དང་འབྲེལ། རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན་ཞེས་ལབ་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྡ་ལན་ག་འདྲ་ཞིག་འགྲོ་ཡི་རེད་དམ་ཞེས་དྲིས་སོང་།


སྤྱི་འཐུས་སྒྲོལ་ཚེ་རིང་ནས་ང་ཚོའི་གསུམ་བཅུའི་དུས་དྲན་ཟེར་བ་དེ་ཆབ་སྲིད་ཀྱི་དབུ་ཁྲིད་ཐོག་ནས། བོད་ནང་དང་རྒྱལ་སྤྱི་རྒྱ་ནག་ལ་བརྡ་ལན་སྤྲོད་ས་ཞིག་ཡིན་སྐོར་དང་། ཆབ་སྲིད་ཀྱི་དབུ་ཁྲིད་ངོས་ནས་དབུ་མའི་ལམ་གྱི་ཐོག་ལ་ཤར་སྐྱོད་བྱེད་ཀྱི་ཡིན་གསུང་བཞིན་དུ།  རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན་དང་བོད་རྒྱལ་ལོ་ཟེར་བ་དེ་ཏག་ཏག་བསྡད་ཡོད་པ་རེད་དམ། དབུ་མའི་ལམ་གྱི་སྲིད་བྱུས་ནང་རང་རྒྱལ་གཞན་ཕམ་མིན་ཞེས་གསུང་གི་ཡོད་པ་རེད་ཨ། བོད་དེ་རྒྱལ་ལོ་ཞེས་ལབ་པ་ཡིན་ན་རྒྱ་མི་དེ་དག་རང་བཞིན་གྱིས་ཤོར་དགོས་པ་སྒྲུབ་ཀྱི་ཡོད་པ་མ་རེད་དམ། ངས་རྨོངས་འཆར་རང་ཡིན་ད། ང་མཁས་པ་དེ་འདྲ་གང་ཡང་མིན་སྐོར་བརྗོད་སོང་།

 

ཡང་མོས་གཞས་(མི་མང་ལངས་གླུ)དེ་བཏང་ཡོང་དུས་ཚོར་བ་ག་འདྲ་བསླེབས་ཀྱི་འདུག ཚོར་བ་ཏན་ཏན་བསླེབས་ཀྱི་འདུག ཡིན་ཡང་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན་ཞེས་ལབ་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྡ་ལན་ག་འདྲ་ཞིག་འགྲོ་ཡི་རེད་དམ། དེ་ངས་རང་བཞིན་གྱིས་མ་དྲིས་རང་དྲིས་ཐུག་སོང་སྐོར་སོགས་བརྗོད་སོང་།

དེའི་རྗེས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་དོགས་འདྲི་དང་འབྲེལ་ནས། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་ཡོང་བཞིན་པའི་ན་གཞོན་མང་པོའི་སེམས་ཁམས་ནང་། དགྲ་ལ་དགྲ་ཡི་འདུ་ཤེས་འཛིན་མ་ཐུབ་པ་དང་། དཀའ་ངལ་ལ་དཀའ་ངལ་གྱི་བསམ་བློ་འཁོར་མ་ཐུབ་པ། མ་འོངས་པར་མི་རིགས་ཀྱི་འཐབ་རྩོད་དང་རྒྱལ་ཁབ། རིག་གཞུང་གི་འདུ་ཤེས་བརླག་འགྲོ་ཡི་ཡོད་པའི་ཚོར་བ་ཞིག་ཡོང་གི་ཡོད་སྐོར་དང་། དེ་བཞིན་གོང་དུ་སྤྱི་འཐུས་སྒྲོལ་ཚེ་རིང་གིས་བོད་རྒྱལ་ལོ་ཟེར་ན་འགྲིག་གི་མེད་སྐོར་བརྗོད་པ་དང་། དེ་འདྲའི་འབོད་ཚིག་དེ་དག་གྲོས་ཚོགས་ར་བ་འདིའི་ནང་བསླེབས་ཡོང་དུས་ཧ་ཅང་སྟབས་མ་ལེགས་པ་དང་། ཕར་ཕྱོགས་ལ་བརྡ་ལན་ཁྱད་མཚར་དེ་འདྲ་སྤྲོད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།  

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

3 Comments

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

  1. ངའི་བསམ་པར་གྲོས་ཚོགས་ར་བའི་ནང་རྒྱ་དམར་ལ་སེམས་ཚབ་ཡོད་པའི་བསམ་འཆར་འདི་འགྲ་བཤད་ན་རྒྱ་དམར་དགའ་རྒྱུའི་གནས་འཚུལ་མ་ཏོག་གང་ཡང་འཕན་ཐོགས་མེད་པ་དོན་མེད་རེད་བསམ། རྒྱ་དམར་གཞུང་གི་ད་བར་བོད་མིའི་དབུ་མའི་ལམ་ལམ་ལ་བརྩིས་འཇོགས་གང་འགྲ་ཞིག་ཡོད་དམ་? སེམས་འཚབ་ངོ་མ་ཡོད་ན་ཡོང་རྒྱུར་ག་རེ་བྱེད་དགོས་མིན་ཐོགས་ལས་་འགུལ་སྤེལ་དགོས་ཆར་བཞི་གང་ལེགས་སྟོན་དགོས་རེད། ང་ཚོས་བསྐད་འབོད་འདིའགྲ་བརྒྱབ་ནས་ལོ་་ངོ་ ༦༢ སོང་ཚར་རེད་? ཕྱོ་མེད་སེམས་འཁུར་་མ་བྱེད་ཞིག། རྒྱ་དམར་ལ་ངོ་ཚ་སྤུ་བཙམ་མེད་པ་དེ་མ་ཤེས་པ་རེད་དམ་? རྒྱ་དམར་གཞུང་གི་བོད་དང་བོད་མིའི་ཐོགས་སྲིད་བྱུས་ངན་པ་འདི་འགྲ་མགོ་མ་ཚོད་པ་རེད་དམ་? Please don’t bring these issues of hurting CCP regime’s sentiment, think about the sentiments of Tibetans suffering in Tibet. Middle way policy is for mutual benefit, everyone understands it, even Chinese understands it but the hardcore regime of China doesn’t. Why bring the issues of our slogan which passed 62 years? Nonsense! That our simple slogans would hurt the Chinese regime, more than 160 Tibetan set themselves on fire and many are in prison tortured and brutally killed at present, doesn’t that hurt us? Please don’t waste time of assembly, bring up something potential talks for our cause or just shut up please!

    ReplyDelete
    Replies
    1. Hurting China would leave us resolved our issue with more self immolation, repressions and tortures inside of Tibet. It's easy to say we can kick Chinese out of Tibet but practically it's not possible, we can't, it's like we r just yelling in the air. If we really want some happy ending to our issue then we must sincerely follow the middle way approach. After all without China's cooperation there is no solution to our issue. If we treat someone enemy will there be any chance we can make him our friend. Passed is past we have think with wider horizon. 160self immolators call for HH return to Tibet. It is possible only when China makes it happen. So do we really need to say all these things. We need change our ways and attitudes if we need the soonest meeting of Tibetans inside and outside of Tibet.

      Delete
  2. དེ་ཡང་འཚོར་བ་རེད། དོན་ངོ་མ་ལམ་དབུ་མ་ཟེར་དུས་རྒྱ་དང་མཉམ་གནས་དང་ཆོས་དང་རིག་གཞུང་འཛིན་རྒྱུ་རེད། རྒྱ་མིར་སེམས་འཚབ་མ་རེད། ལམ་དབུ་མ་ལ་སེམས་འཚབ་ཡོད་པའི་རྟགས་རེད།

    ReplyDelete
Previous Post Next Post