ཕྱི་ཟླ་ ༡ ཚེས་ ༡༩ ཉིན། རྒྱ་གར་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན།
རྒྱ་གར་གཞུང་འབྲེལ་(Enforcement Directorate)ལས་ཁུངས་ནས། གསང་ཉུལ་བ་ལའོ་སང་གི་ཧཱ་ཝ་ལཱ(hawala)དངུལ་སྒོར་བརྗེ་ལེན་ཁང་དང་འབྲེལ་ནས།
མིང་ལ་ཁཱ་ཊར་ལའེ་(Carter Li)ཟེར་བའི་རྒྱ་མི་ཞིག་འཛིན་བཟུང་བྱས་ཡོད་པ་དང་། གསང་ཉུལ་བ་ལའོ་སང་ལ་འདས་པའི་ཟླ་ཤས་རིང་འདྲི་ཞིབ་བྱས་པ་བརྒྱུད་ཁོས་ནག་ཚོང་དངུལ་སྒོར་བརྗེ་ལེན་ཙམ་མ་ཟད།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐོར་ལ་གསང་ཉུལ་གྱི་ལས་ཀ་མང་པོ་བྱས་ཡོད་པ་ར་སྤྲོད་བྱུང་ཡོད་སྐོར་བརྗོད་འདུག
དེ་འབྲེལ་གནས་ཚུལ་ནང་། གསང་ཉུལ་བ་ལའོ་སང་དང་འབྲེལ་བ་ཡོད་པའི་རྒྱ་མི་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་འཛིན་བཟུང་བྱས་ཡོད་པ་དང་། ལའོ་སང་དང་རྒྱ་མི་དེ་གཉིས་ལ་འབྲེལ་བ་ཡོད་པ་མ་ཟད་ཁོ་གཉིས་ཀ་ལྡི་ལི་ནས་གནས་སྡོད་བྱས་ཡོད་པ་དང་།
ལའོ་སང་གི་དངུལ་སྒོར་བརྗེ་ལེན་ཁང་དེས་ནག་ཚོང་གི་འོག་ནས་དངུལ་སྒོར་འབོར་ཆེན་ཚོང་སྒྱུར་བྱས་ཡོད་པ་མ་ཟད།
དངུལ་སྒོར་མང་པོ་རྒྱ་ནག་ལ་འབོར་འདྲེན་བྱས་པས་རྒྱ་གར་གཞུང་ལ་ཧིན་སྒོར་འབུམ་མང་པོ་ངེས་མེད་དུ་ཕྱིན་ཡོད་པ་དང་།
ཁོས་ཁྲིམས་འགལ་ཚོང་ལས་གཅིག་པུ་ཙམ་མིན་པར་རྒྱ་གར་ནང་གསང་ཉུལ་དང་། ༧གོང་ས་མཆོག་གི་སྐོར་ལ་གསང་ཉུལ་བྱས་ཡོད་པའི་གནས་ཚུལ་ཁག་ར་འཕྲོད་ཡོད་སྐོར་བརྗོད་འདུག
དེ་བཞིན་གནས་ཚུལ་ནང་མུ་མཐུད་ད་ལྟའི་ཆར་ལྡི་ལི་ས་གནས་ཉེན་རྟོག་ཕྱོགས་ནས་གསང་ཉུལ་བ་ལའོ་སང་ལ་འདྲི་ཞིབ་བྱེད་མཁན་དམིགས་བསལ་ཚོགས་ཆུང་ཞིག་ཆེད་འཛུགས་བྱས་ཏེ།
ལའོ་སང་གི་ནག་ཚོང་དངུལ་སྒོར་བརྗེ་ལེན་དེ་ཁྲིམས་འགལ་ཞིབ་དཔྱོད་འོག་ནས་ཐོ་འགོད་བྱས་ཡོད་པ་དང་།
འདྲི་ཞིབ་བྱས་པ་བརྒྱུད་ལའོ་སང་གི་དངུལ་སྒོར་བརྗེ་ལེན་ཁང་དེ་ལྡི་ལིའི་(Invin
Logistics India Private Limited)ཞེས་པའི་ལས་ཁུངས་ཤིག་ལ་དེབ་སྐྱེལ་བྱས་ཡོད་ཀྱང་། ལས་ཁུངས་དེས་ཁོ་ཚོར་རྒྱ་ནག་གི་དངུལ་སྒོར་བརྗེ་ལེན་བཟོ་ཚོང་ཁང་དེ་ལྟ་བུ་ཞིག་མེད་སྐོར་བརྗོད་ཡོད་པ་དང་། ལས་ཁུངས་དེའི་ཡིག་ཆའི་ནང་དེ་འདྲ་ཞིག་རྙེད་སོན་བྱུང་མེད་སྐོར་བརྗོད་འདུག
ད་ལྟའི་ཆར་ལྡི་ལི་ཉེན་རྟོག་ཕྱོགས་ནས་གསང་ཉུལ་བ་ལའོ་སང་དང་འབྲེལ་བའི་གནད་དོན་ཐད་མུ་མཐུད་འདྲི་རྩད་བྱེད་བཞིན་ཡོད་པ་དང་།
གསང་ཉུལ་བ་ལའོ་སང་གིས་རྒྱ་གར་ནང་ཁྲིམས་འགལ་གྱི་དངུལ་སྒོར་བརྗེ་ལེན་དུས་ཡུན་རིང་པོ་ཡིན་པ་དང་།
དངུལ་སྒོར་བརྗེ་ལེན་བྱ་ཡུལ་ལས་ཁུངས་དེའི་དེབ་སྐྱེལ་ཡིག་ཆ་དང་། ལའོ་སང་ཁོ་རང་གིས་ལག་འཁྱེར་ཡིག་ཆ་ཁག་ཚང་མ་རྫུན་བཟོ་བྱས་ཡོད་པ་ར་འཕྲོད་བཞིན་ཡོད་པ་མ་ཟད།
ཁོས་འདས་པའི་ལོ་ངོ་ ༣ ཙམ་རིང་(pseudo-companies)ཞེས་པའི་བཟོ་གྲྭ་ཁང་ཞིག་བརྒྱུད་ནས། རྒྱ་གར་གྱི་དངུལ་སྒོར་འབོར་ཆེན་བརྗེ་སྒྱུར་གྱིས་རྒྱ་ནག་ནང་འབོར་འདྲེན་བྱས་ཡོད་འདུག
གསང་མྱུལ་བ་ལའོ་སང་ནི་འདི་ལོ་ ༤༢ ཡིན་པ་དང་། འདི་ལོའི་ཕྱི་ཟླ་
༨ ནས་རྒྱ་གར་དཔྱ་ཁྲལ་དོ་དམ་ལས་ཁུངས་ནས་ཁྲིམས་འགལ་དངུལ་སྒོར་བརྗེ་ལེན་གྱི་གནད་དོན་འོག་འཛིན་བཟུང་བྱས་པ་ནས།
ཕྱི་ལོ་ ༢༠༡༨་ལོར་ཁོ་འཛིན་བཟུང་བྱས་པ་བཞིན་གནད་དོན་དེ་དག་དང་འབྲེལ་ནས་ཁལའོ་སང་གིས་རྒྱ་གར་ནང་གསང་མྱུལ་གྱི་ལས་ཀ་བྱེད་བཞིན་པ་དང་།
གསར་གར་གསར་ལམ་ཁག་གིས་ལའོ་སང་གིས་འདས་པའི་ངོ་ལོ་གསུམ་རིང་རྒྱ་གར་གཞུང་དང་༧གོང་ས་རྒྱལ་བ་རིན་པོ་ཆེར་མཆོག་གི་སྐོར་ལ་གསང་མྱུལ་དང་།
གསང་བའི་གནས་ཚུལ་བསྡུ་རུབ་ཆེད་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བ་མང་པོ་ཞིག་ལ་དངུལ་སྤྲད་ཡོད་པའི་གནས་ཚུལ་སོགས་ཐོན་ཡོད་པ་རེད།