ཞིས་ཅིན་ཕིང་གིས་ད་ལྟ་དུས་ཚོད་དང་གནས་སྟངས་ང་ཚོའི་འདོད་ཐོག་ཏུ་བསྐྱོད་བཞིན་ཡོད་ཚུལ་དང་། སྤྱི་ཚོགས་དྲ་རྒྱ་དང་ཁེ་གཉེར་ཁང་སོགས།

ཨ་ནུ་ཐང་བསོད་ནམས།

ཞིས་ཅིན་ཕིང་གིས་འཛམ་གླིང་ནི་དུས་རབས་གཅིག་གི་ནང་དུ་དེ་སྔ་མཐོང་མྱོང་མེད་པའི་འགྱུར་བ་འགྲོ་བཞིན་ཡོད་ལ། ཆུ་ཚོད་དང་གནས་སྟངས་མཐའ་དག་ང་ཚོའི་འདོད་ཕྱོགས་སུ་བསྐྱོད་ཀྱི་ལབ་ནས་དགའ་སྟོན་བྱེད་ཀྱི་འདུག

 

ཕོ་བྲང་དཀར་བོའི་ཚོང་དོན་སློབ་སྟོན་པ་དང་། རྒྱ་ནག་ཉམས་ཞིབ་པ་ཕེ་ཐེར་ནེ་ཝ་ཊ་ཡིས་རྒྱ་ནག་གིས་རང་གིས་སྨྲ་བརྗོད་སྟངས་འཛིན་བྱེད་པ་བཞིན། ད་ལྟ་ཨ་རིའི་སྨྲ་བརྗོད་རང་དབང་ཨ་རིའི་སྤྱི་ཚོགས་དྲ་རྒྱས་བཀག་ཡོད་པས་མ་འོངས་བར་རྒྱ་ནག་ལ་སྐད་ཆ་བཤད་ས་མེད་པར་འགྱུར་ཚུལ་དང་། བྷར་སྒྲན་དང་ཨོ་བྷ་མ་གཉིས་ཀྱིས་རྒྱ་ནག་ལ་མགོ་སྒུར་བྱེད་པ་མ་ཟད། ཕོ་ལོ་སིས་ཆབ་སྲིད་ཚོགས་པའི་ཁེ་ཕན། ཨ་རིའི་བདེ་སྡུག་གི་སྒང་ལ་བཞག་པས་མ་འོངས་བའི་ལོ་ཟླའི་ནང་དུ་ཨ་རིའི་གནས་སྟངས་ཉེན་ཁ་ཡི་ནང་དུ་ལྷུང་ཚུལ་བརྗོད་འདུག

གཞན་ཡང་། ཨ་རིའི་དངུལ་ཁང(J.P Morgan) དང་(Goldman Sachs)ཡིས་ཁྲོ་རྒན་ལ་རྒྱབ་སྐྱོར་བྱས་ཏེ། འོས་བསྡུ་རྫུན་མ་རེད་ལབ་མཁན་གྱི་སྤྱི་འཐུས་རྣམས་ལ་མ་འོངས་བར་སྤྱི་འཐུས་སུ་ལངས་སྐབས་སྦྱིན་བདག་བྱེད་ཀྱི་མིན་ཚུལ་བརྗོད་འདུག དེ་བཞིན(Deutsche)དང་(signature)དངུལ་ཁང་གིས་ཁྲོ་རྒན་དང་། ཁོའི་ཁེ་གཉེར་ཁང་ལ་ཚོང་འབྲེལ་བྱེད་ཀྱི་མིན་བརྗོད་འདུག རྒྱུ་མཚན་ནི། དངུལ་ཁང་གིས་ཁོ་ཚོ་རྒྱུད་ནས་ཞལ་འདེབས་བསྡུ་རུ་མ་བཅུག་པ་ཡིན་ན། ཨ་རིའི་ཆབ་སྲིད་པ་སུ་ཡིན་ཡང་འཚོ་མི་ཐུབ་པས། དངུལ་ཁང་ཚོས་ད་ལྟའི་གོ་སྐབས་འདི་དམ་འཛིན་བྱས་ཏེ་ཁྲོ་རྒན་ལ་གནོན་ཤུགས་སྤྲད་འདུག འདི་དག་ནི་དེ་སྔོན་ནས་དངུལ་ཁང་ཆེན་པོ་ཚོ་རྒྱ་ནག་གི་གྲོགས་པོ་རེད་བརྗོད་པའི་དཔང་བོ་ཕྱི་རུ་ཐོན་འདུག

མང་གཙོ་ཚོགས་པ་དང་དངུལ་ཁང་ཆེན་པོ། སྤྱི་ཚོགས་དྲ་རྒྱ་བཅས་མཉམ་འབྲེལ་གྱིས་ཁྲོ་རྒན་གྱི་སྨྲ་བརྗོད་དང་། དངུལ་འབྲེལ་བཀག་པ་མ་ཟད། མང་གཙོ་ཚོགས་པས་ཆབ་སྲིད་ཀྱི་ཐོག་ནས་ཁྲོ་རྒན་གནས་དབྱུང་བཏང་རྒྱུ་བྱེད་ཀྱི་ཡོད་པས། ཁྲོ་རྒན་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བའི་གནས་ཚུལ་སླེབས་འདུག ད་ལྟ་ཨ་རི་བ ༤༩% ཡིས་ཁྲོ་རྒན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག རཱ་སི་མློ་སིན་(Rasmussen)གསར་ཁང་གིས་བརྗོད་ན་སྤྱི་ཚོགས་དྲ་རྒྱ་དང་། གསར་ཁང་ཆེན་པོ་ཚོས་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར། ཟླ ༡ ཚེས་༧ ཉིན་ཁྲོ་རྒན་གྱི་རྒྱབ་སྐྱོར་བ་བརྒྱ་ཆ་གཅིག་ནས་གཉིས་བར་དུ་ཡར་ལ་འཕར་འདུག

 

ཟླ ༡ ཚེས ༨-༡༡ བར་དུ་ཁྲོ་རྒན་ལ་རྒྱབ་སྐྱོར་བྱེད་མཁན ༡ % མར་ལ་ཆགས་ཏེ་ད་ལྟ་ཨ་རི་བ ༤༨% ཀྱིས་ཁྲོ་རྒན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། དེ་ནི་ཟླ་སྔོན་མ་དང་བསྡུར་ན ༡% ཡར་འཕར་འདུག དེར་བརྟེན། གྲོས་ཚོགས་ཀྱི་དོན་རྐྱེན་བྱུང་མིན་ལ་མ་ལྟོས་པར་ད་དུང་ཡང་ཁྲོ་རྒན་ལ་རྒྱབ་སྐྱོར་བྱེད་མཁན་སྔ་ལྟར་བསྡད་འདུག ལྷག་པར་དུ་དེ་རིང་གནས་ཚུལ་ཐོན་གསལ་ལྟར་ན་ཁྲོ་རྒན་ལ་གདོང་སེམས་མཉམ་སྐྱེད་བྱེད་མཁན་མང་དུ་ཕྱིན་ཏེ། ཨ་རི་བ ༤༩% སླར་ཡང་ཕྱིན་པའི་གནས་ཚུལ་སླེབས་འདུག

ཁྲོ་རྒན་སྤྱི་ཚོགས་དྲ་རྒྱས་བཀག་པ་ནི་འཛམ་གླིང་གི་མི་མང་པོ་དང་། དབུ་ཁྲིད་དུ་མས་སྨྲ་བརྗོད་རང་དང་འགལ་འདུག་ཟེར་ནས་སེམས་འཁུར་བྱེད་ཀྱི་འདུག་ལ། དེ་ལ་སེམས་འཁུར་བྱེད་མཁན་མང་དུ་འགྲོ་བཞིན་འདུག འཇར་མན་གྱི་སྲིད་བློན་དང་མེ་གསི་ཁོའི་སྲིད་འཛིན། ཨོ་གླིང་གི་སྲིད་བློན་དང་། ཧྥ་རན་སིའི་སྤྱི་འཐུས་ཁག་ཅིག ནོ་ཝེ་ཡི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད། ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་བཅས་ཀྱིས་དེ་ལ་སྐྱོན་བརྗོད་བྱས་འདུག འོན་ཀྱང་། ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ཚོས་བཀག་པ་ལ་རྒྱབ་སྐྱོར་དང་མཐུན་འགྱུར། དགའ་བསུ་ཞུས་བ་མ་ཟད། མེ་ཤ་ཨོ་བྷ་མ་དང་། ཧེ་ལི་རེས་སོགས་ཀྱིས་ཁྲོ་རྒན་བཀག་རོགས་ཟེར་ནས་རེ་བ་ཞུས་ཡོད།

 

གཞན་ཡང PGA རྐང་རྩེད་སྤོ་ལོ་རུ་ཁག་གིས་༢༠༢༢ ལོར་ཁྲོ་རྒན་གྱི་རྩེད་ཐང་དུ་རྩེད་འགྲན་བྱེད་རྒྱུའི་གན་རྒྱ ༢༠༡༤ ལོར་བཞག་ཡོད་ཀྱང་། གཡོན་ཕྱོགས་པའི་ཆབ་སྲིད་པ་ཚོས་གནོན་ཤུགས་སྤྲད་ནས་རྩེད་འགྲན་པ་ཚོས་དེ་རུ་རྩེ་མོ་རྩེ་རྒྱུ་རྩིས་མེད་དུ་བཏང་འདུག དེར་བརྟེན། ཁྲོ་རྒན་གྱི་རྒྱབ་སྐྱོར་བ་ཁག་ཅིག་གིས་མ་འོངས་བར PGA རྩེད་འགྲན་ལ་མི་ལྟ་བརྗོད་འདུག

 

ང་ཚོས་འོས་བསྡུ་ཡི་སྔོན་དུ་བརྗོད་པ་བཞིན་ཁྲོ་རྒན་གྱི་འོས་ཤོག་ཤོར་ན། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཨ་རི་བ་ཡོང་རྒྱུ་ཡིན་པ་དང་། དེའི་སྣེ་ཁྲིད་མཁན་ནི་དངུལ་ཁང་ཆེན་པོ་དང་། དྲ་རྒྱ་ཁེ་གཉེར་ཁང་ཚོ། གསར་ཁང་ཆེ་ཁག་དང་། ཧོ་ལིས་ཝོས་སྒྲི། མང་གཙོ་ཚོགས་ཡིན་ངེས་རེད་བརྗོད་ཡོད་ལ། ད་ལྟ་དེ་དག་ལུང་བསྟན་བཞིན་མང་གཙོ་ཚོགས་པས་རང་དང་འདོད་ཚུལ་མི་མཐུན་མཁན་ཀུན་ལ་ཨ་རིའི་དགྲ་བོ་རེད་ལབ་ནས་རིག་གསར་གཉིས་པ་ཞིག་ཨ་རིའི་ནང་དུ་སྤེལ་བཞིན་འདུག དེ་ལ་རྒྱ་ནག་གིས་དགའ་བ་སྒོམ་གྱི་འདུག

འོན་ཀྱང་། ཟླ ༡ ཚེས ༢༠ ཉིན་ཁྲོ་རྒན་གྱི་རྒྱབ་སྐྱོར་བ་མི་འབུམ་གསུམ་ཙམ་མཛད་སྒོ་ལ་ཡོང་ནས་ཁྲོ་རྒན་གྱི་སྐབས་གཉིས་པའི་སྲིད་འཛིན་གྱི་མཛད་སྒོ་ཚོགས་རྒྱུ་ཡིན་ཞིང་། དེ་ཚོས་ཁྲོ་རྒན་འོས་བསྡུ་ལས་ཕམ་པ་ཁས་ལེན་མི་བྱེད་པས་ཡིན་ཚུལ་གོ་སྒྲིགས་པ་བུད་མེད་ཁེ་ལན་གསིན་ཁི་ལེ་སི་ཡིས་ཁ་སང Aon གསར་ཁང་ལ་བརྗོད་འདུག གནས་ཚུལ་འདི་དག་གིས་རྐྱེན་གྱིས་བྷར་སྒྲན་གྱི་སྲིད་འཛིན་གྱི་མཛད་སྒོར་མི་ཚོགས་མེེད་པ། ལས་བྱེད་ཁོ་ན་ལས་གྲུབ་པའི་སྲིད་འཛིན་གྱི་མཛད་སྒོ་ཆུང་ཆུང་ཞིག་ཚོགས་རྒྱུའི་གནས་ཚུལ་ད་ལྟ་ཐོན་འདུག མ་ཟད་ཝ་ཤིང་ཊོན་ལ་ཨ་དམག་གཅིག་ཁྲི་ལྔ་སྟོང་གིས་ཉེན་རྟོག་པ་དང་ལྷན་དུ་སྲུང་ཞིང་། མཁའ་དབྱིངས་སུ་གནམ་གྲུ་འཕུར་མི་ཆོག་པའི་བཀའ་རྒྱ་སྡམ་རྒྱུར། ཝ་ཤིང་ཊོན་གྱི་སྤྱི་ཁྱབ་ཀྱིས་རེ་བ་ཞུས་བ་བཞིན། ཁྲོ་རྒན་གྱིས་དེ་ལ་མོས་མཐུན་གྱི་མཚན་རྟགས་བཀོད་འདུག

 

སྤྱི་ཚོགས་དྲ་རྒྱ་ཆེ་ཁག་ཚོས Parler རྒྱང་ཕུད་བཏང་ཡང་། ད་ལྟ་ཁོ་ལ་གནས་གཞི་གསར་བ་ཞིག་རྙེད་འདུག་ལ། དེའི་མིང་ལ Gab ཟེར་བས། མགྱོགས་པོར་སྒོ་ཕྱེ་རྒྱུའི་གནས་ཚུལ་ཐོན་འདུག ངོ་དེབ་ཀྱིས་ཁྲོ་རྒན་བཀག་པས་ད་ལྟ་ངོ་དེབ་ཀྱིས་ཨ་སྒོར་ཐེར་འབུམ ༦༠ བརླགས་པ་དང་།  (Uganda)རྒྱལ་ཁབ་ཀྱིས་ཁྲོས་ཊ་ཡིས་ཁོ་ཚོའི་རྒྱལ་ཁབ་ཀྱི་འོས་བསྡུ་ལ་གནོད་པ་མི་བཏང་རྒྱུའི་ཆེད་དུ་བཀག་འདུག ཁྲོས་ཊ་ཡིས་དེ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། དྲ་རྒྱ་ཡི་རང་དབང་ལ་འགོག་རྐྱེན་བཏང་བ་རེད་ཟེར་ནས་སྐྱོན་བརྗོད་བྱས་འདུག་ཀྱང་། མི་ཚོས་ཁྲོས་ཊ་ནི་སྨྲ་བརྗོད་རང་དབང་འགོག་མཁན་ཡིན་པས། དེ་ལྟར་བརྗོད་པ་ནི་ཚུལ་མིན་རེད་ཟེར་བས་བགད་མོ་བགད་ཀྱི་འདུག གཞན་ཡང་། T1 WiFi དྲ་རྒྱའི་བརྡ་རྟགས་ཁང་ལ་མི་མང་པོ་འབྲེལ་བ་བྱས་ཤིང་། ཁོ་ཚོའི་དྲ་ལམ་གྱི་ངོ་དེབ་དང་ཁྲོས་ཊར་འགོག་དགོས་ཤིང་། དེ་གཉིས་རྒྱུད་ང་ཚོའི་བྱིས་བ་ཡི་ཀླད་པ་བསྒྱུར་འདོད་མེད་པས་ཡིན་ཚུལ་བརྗོད་འདུག

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post