ཐའེ་ཝན་པ་བརྒྱ་ཆ་ ༧༠ ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པའི་ངོས་འཛིན་བྱུང་ཡོད་འདུག

ཐའེ་ཝན་སྤྱི་དམངས་བརྒྱ་ཆ་ ༧༠ ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པར་བསམ་ཚུལ་བྱུང་བའི་ཉམས་ཞིབ་གྲུབ་དོན་ཞིག་བཏོན་འདུག

ཉམས་ཞིབ་གྲུབ་དོན་དཔེ་རིས། པར་རིས་ཁུངས། (taiwannews)

དེ་རིང་ཕྱི་ཚེས་ ༢༤ ཉིན་ཐའེ་ཝན་(台灣民意基金會)སྤྱི་དམངས་བསལ་ཚུལ་ཐེབས་རྩ་ཁང་གིས། ཉེ་སྔོན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕོམ་པེའོ་ཡིས་ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་ཞེས་པའི་གཏམ་བཤད་དང་འབྲེལ་ནས། ཐའེ་ཝན་རྒྱལ་ཡོངས་ནས་གནད་དོན་དེའི་ཐད་བརྟག་ཞིབ་བསམ་ཚུལ་བསྡུ་རུབ་བྱས་པར། ཐའེ་ཝན་པ་བརྒྱ་ཆ་ ༧༠ ཡིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པར་ངོས་འཛིན་གྱི་ཉམས་ཞིབ་གྲུབ་དོན་ཞིག་བཏོན་ཡོད་འདུག

 

དེ་འབྲེལ་གནས་ཚུལ་ནང་སྤྱི་དམངས་བསམ་ཚུལ་བརྟག་ཞིབ་དེ་ནི་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཐའེ་ཝན་དང་འབྲེལ། མི་མང་ཁྲོད་བསམ་ཚུལ་བསྡུ་ལེན་བྱས་པར་ཐའེ་ཝན་མི་མང་བརྒྱ་ཆ་ ༧༠ ཡིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པར་འདོད་མོས་ཡོད་པ་དང་། མི་མང་བརྒྱ་ཆ་ ༢༢།༥ ཙམ་གྱིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པར་ངོས་ལེན་མེད་པ་དང་། མི་མང་གི་ལོ་ཚད་ཀྱི་ཆ་ནས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པའི་བསམ་ཚུལ་བྱུང་མཁན་རྒན་གཞོན་གཉིས་ནང་སྤྱི་སྙོམས་ཀྱིས་ཡོད་སྐོར་བརྗོད་འདུག

 

ཐའེ་ཝན་ཆབ་སྲིད་ཚོགས་པ་ཁག་གི་ཁྲོད་ནས་དམངས་གཙོ་ཡར་རྒྱས་ཚོགས་པའི་མི་གྲངས་བརྒྱ་ཆ་ ༨༧ ནས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པའི་ངོས་འཛིན་དང་། མི་གྲངས་བརྒྱ་ཆ་ ༡༠ ཡིས་འདོད་མོས་མེད་པའི་བསམ་ཚུལ་བྱུང་ཡོད་འདུག དེ་བཞིན་ཐའེ་ཝན་གོ་མིན་ཏང་གི་ཚོགས་མི་བརྒྱ་ཆ་ ༤༥ ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པར་འདོད་མོས་དང་། བརྒྱ་ཆ་ ༤༦ ནས་ངོས་ལེན་མེད་པ། ཐའེ་ཝན་མི་མང་ཚོགས་པའི་ཚོགས་མི་བརྒྱ་ཆ་ ༦༩ ནས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པར་འདོད་མོས་ཡོད་པ་དང་། བརྒྱ་ཆ་ ༢༦ ནས་ངོས་ལེན་མེད་པ། ཐའེ་ཝན་སྟོབས་ཤུགས་གསར་བའི་ཚོགས་པའི་བརྒྱ་ཆ་ ༨༠ ཡིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པར་འདོད་མོས་དང་། བརྒྱ་ཆ་ ༡༠ ཡིས་ངོས་ལེན་མེད་པ་སོགས་བྱུང་ཡོད་སྐོར་བརྗོད་འདུག

ཉམས་ཞིབ་གྲུབ་དོན་དཔེ་རིས། པར་རིས་ཁུངས། (taiwannews)

དེ་བཞིན་ཤེས་ཡོན་པ་དང་སློབ་གསོའི་གནས་ཚད་མཐོ་བོ་ཡོད་པའི་རིགས་ཚང་མས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པར་འདོད་མོས་ཡོད་པ་དང་། མཐོ་རིམ་སློབ་མའི་ཁྲོད་བརྒྱ་ཆ་ ༧༩ ཡིས་འདོད་མོས་ཡོད་པ་དང་། བརྒྱ་ཆ་ ༡༨ ནས་འདོད་མོས་མེད་པའི་བསམ་ཚུལ་བྱུང་ཡོད་འདུག གཞན་ཡང་ཕྱི་ལོ་ ༡༩༤༥ རྗེས་ནས་རྒྱ་ནག་ནས་ཐའེ་ཝན་ནང་ཡོང་མཁན་ཁྲོད་དུ་བརྒྱ་ཆ་ ༤༦ ནས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པའི་འདོད་མོས་དང་། བརྒྱ་ཆ་ ༣༢ ནས་འདོད་མོས་མེད་པའི་བསམ་ཚུལ་བྱུང་ཡོད་སྐོར་བཀོད་འདུག

 

ཐེངས་འདིའི་སྤྱི་དམངས་བསམ་ཚུལ་དེ་ཐའེ་ཝན་གྱི་ཐད་སྐྱོང་མངའ་སྡེ་ ༦ གཙོའི་གྲོང་ཁྱེར་ ༣ དང་། རྫོང་ ༡༣ ཕུད་པའི་ཐའེ་ཝན་གྱི་གྲོང་གསེབ་ཁུལ་དུ་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པ་བརྒྱ་ཆ་ ༦༣ ལྷག་གིས་འདོད་མོས་ཡོད་པ་དང་། གནད་དོན་དེས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པའི་བསམ་ཚུལ་དེ་ཐའེ་ཝན་ས་ཁུག་གྲོང་གསེབ་ཁུལ་དང་། སྤྱི་དམངས་སྤྱི་ཡོངས་ཁྲོད་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་རྟགས་མཚན་ཞིག་ཆགས་ཡོད་པ་དང་། ཐའེ་ཝན་པ་སྤྱི་ཡོངས་ཀྱི་བསམ་ཚུལ་ཁྲོད་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པའི་བསམ་ཚུལ་ཤུགས་ཆེ་རུ་འཕར་བཞིན་ཡོད་འདུག

ཕྱི་ལོ་ ༡༩༧༩ ལོར་ཨ་རི་དང་ཐའེ་ཝན་གྱི་ཕྱི་འབྲེལ་ཆད་པ་ནས་བཟུང་། རྒྱལ་སྤྱིའི་སྟེང་ཐའེ་ཝན་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་རིམ་པར་བྱས་ཡོད་པ་དང་། ཨ་རིའི་ཕྱོགས་ནས་ཀྱང་རྒྱ་ནག་དང་འབྲེལ་ལམ་ཡག་པོ་ཡོང་ཆེད། ཐའེ་ཝན་དང་འབྲེལ་ལམ་སླར་གསོ་བྱེད་ཐབས་ཐད་འབད་བརྩོམ་དམིགས་བསལ་བྱས་མེད་ཀྱང་། ཨ་རིའིུ་ཊོམ་སྲིད་གཞུང་བསླེབས་པ་ནས་བཟུང་རྒྱ་ནག་དང་ཚོང་དམག་ལངས་བ་དང་། ལྷག་པར་དུ་འདི་ལོ་རྒྱ་ནག་གི་ཏོག་ནད་ཁྱབ་གདལ་ཕྱིན་པའི་གནས་སྟངས་འོག་ཨ་ཐའེ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་སོང་ཡོད་པ་མ་ཟད། ཨ་རིའི་ཐའེ་ཝན་མཚོ་གླིང་དུ་མཐོ་རིམ་སྐུ་ཚབ་མི་སྣ་ཐེངས་ཁ་ཤས་ལ་བཏང་ཡོད་པ་དང་། ཨ་རིའི་རྒྱལ་སྲུང་དྲུང་ཆེའི་ཐའེ་ཝན་རྒྱ་ནག་གི་ཆ་ཤས་མིན་པའི་གཏམ་བཤད་སྤེལ་བ་སོགས། འདས་པའི་ལོ་ངོ་ ༤༠ རིང་བྱུང་མ་མྱོང་བའི་ཨ་ཐའེ་འབྲེལ་ལམ་བཟང་ཕྱོགས་སུ་སོང་ཡོད་པ་རེད།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post