གསང་ཉུལ་བ་ལའོ་སང་རྒྱ་ནག་དམག་གཞུང་དང་འབྲེལ་བ་འདུག་ཟེར།

རྒྱ་གར་གཞུང་གིས་རྒྱ་ནག་གི་སོ་མྱུལ་བ་ལའོ་སང་རྒྱ་ནག་དམག་གཞུང་དང་འབྲེལ་བ་ཡོད་པ་མ་ཟད་པ་ཀི་སི་ཐན་གྱི་གསང་མྱུལ་བ་དང་འབྲེལ་བ་ཡོད་སྐོར་བརྗོད་འདུག 

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན། རྒྱ་གར་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་རྟོག་ཞིབ་བྱས་པ་བརྒྱུད། ཉེ་སྔོན་ཕྱི་ཟླ་ ༨ ནང་འཛིན་བཟུང་བྱས་པའི་རྒྱ་ནག་གི་གསང་མྱུལ་བ་ལའོ་སང་གིས། གསང་མྱུལ་ལས་དོན་དང་འབྲེལ་བའི་དངུལ་སྒོར་ཀར་རོ་ ༡༠༠༠ (100crore)རྒྱ་ནག་དམག་གཞུང་གིས་བཏང་བ་རྩད་ཆོད་དང་། དེ་བཞིན་ལའོ་སང་དང་པ་ཀི་སི་ཐན་གྱི་གསང་མྱུལ་བའི་བར་ལ་འབྲེལ་བ་ཡོད་པ་ཤེས་རྟོག་བྱུང་ཡོད་སྐོར་བརྗོད་འདུག  


དེ་འབྲེལ་གནས་ཚུལ་ནང་། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་ལའོ་སང་གི་དངུལ་སྒོར་ཀར་རོ་ ༡༠༠༠ གི་ཡོང་ཁོངས་རྒྱ་ནག་དམག་གཞུང་ཡིན་པ་ཤེས་རྟོག་བྱུང་བ་ཡོད་པ་དང་། ལའོ་སང་ལ་རྒྱ་གར་ནང་གསང་མྱུལ་ལས་དོན་བྱེད་མཁན་རྒྱ་ནག་དམག་གཞུང་ཡིན་པ་གསལ་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། གཞན་ལའོ་སང་དང་པ་ཀི་སི་ཐན་གྱི་གསང་མྱུལ་བ་ཚོའི་དབར་འབྲེལ་བ་གཏིང་ཟབ་ཡོད་པ་དང་། རྒྱ་ནག་གི་གསང་ཉུལ་བ་དེ་དག་གིས་པ་ཀི་སི་ཐན་གྱི་གསང་མྱུལ་བ་ཚོར་རྒྱ་གར་ནང་གསང་མྱུལ་གྱི་ལས་དོན་བྱེད་རོགས་དང་། གསང་མྱུལ་གྱི་འབྲེལ་ལམ་འཛུགས་རོགས་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག



ད་ལྟའི་ཆར་རྒྱ་གར་གཞུང་གིས་གསང་མྱུལ་བ་ལའོ་སང་གི་གནད་དོན་ཐད་རྩད་ཞིབ་མུ་མཐུད་བྱེད་བཞིན་ཡོད་པ་དང་། ལའོ་སང་གིས་ཁྲིམས་འགལ་དངུལ་སྒོར་བརྗེ་ལེན་ཙམ་མ་ཟད། ཁྲིམས་འགལ་ཐོག་སྨན་དང་ཅ་དངོས་རིགས་ཕར་གཏོང་ཚུར་ལེན་བྱས་ཡོད་པ་དང་། དེ་བཞིན་ལའོ་སང་གི་དངུལ་སྒོར་བརྒྱུད་ནས་རྒྱ་གར་ནང་གི་རྒྱ་ནག་གི་ཚོགས་པ་དང་མི་སྒེར་བ་སོགས་ནས་ཚོང་ལས་གཉེར་མཁན་སོགས་བྱུང་ཡོད་པ་དང་། གནད་དོན་དེ་རིགས་ཐད་རྒྱ་གར་གཞུང་གིས་མུ་མཐུད་རྩད་ཞིབ་བྱ་རྒྱུ་ཡིན་འདུག

 

གསང་མྱུལ་བ་ལའོ་སང་ནི་འདི་ལོ་ ༤༢ ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༨ ནས་རྒྱ་གར་དཔྱ་ཁྲལ་དོ་དམ་ལས་ཁུངས་ནས་ཁྲིམས་འགལ་དངུལ་སྒོར་བརྗེ་ལེན་གྱི་གནད་དོན་འོག་འཛིན་བཟུང་བྱས་པ་ནས། ཕྱི་ལོ་ ༢༠༡༨་ལོར་ཁོ་འཛིན་བཟུང་བྱས་པ་བཞིན་གནད་དོན་དེ་དག་དང་འབྲེལ་ནས་ཁལའོ་སང་གིས་རྒྱ་གར་ནང་གསང་མྱུལ་གྱི་ལས་ཀ་བྱེད་བཞིན་པ་དང་། གསར་གར་གསར་ལམ་ཁག་གིས་ལའོ་སང་གིས་འདས་པའི་ངོ་ལོ་གསུམ་རིང་རྒྱ་གར་གཞུང་དང་༧གོང་ས་རྒྱལ་བ་རིན་པོ་ཆེར་མཆོག་གི་སྐོར་ལ་གསང་མྱུལ་དང་། གསང་བའི་གནས་ཚུལ་བསྡུ་རུབ་ཆེད་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བ་མང་པོ་ཞིག་ལ་དངུལ་སྤྲད་ཡོད་པའི་གནས་ཚུལ་སོགས་ཐོན་ཡོད་པ་རེད།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post