རྒྱལ་ཁབ ༡༤ ནང་དུ་ཨ་རིའི་མཐུན་ཕྱོགས་འཇར་པན་དང་། ལྷོ་ཀོ་རི་ཡ།
ནེས་གཟའ་ལན་ཊི། ཨོ་གླིང་བཅས་ཡོད་པས་དེ་དག་གིས་འཛམ་གླིང་གི་དཔལ་འབྱོར་གྱི ༣༠% ཟིན་ཡོད་ཁར་མི་འབོར་ཡང་ཐེར་འབུམ
༢.༢ ཡོད་པས་རྒྱ་ནག་ལ་མཚོན་ན་ཧ་ཅང་གི་རྒྱལ་ཁ་ཞིག་རེད།
ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་གར་ནག་གི་རྩོད་རྙོག་གི་རྐྱེན་པས་ལྷོ་ཨེ་ཤ་ཡའི་ཚོང་འབྲེལ་གྱི་རྒྱལ་ཁབ་ཚོའི་ནང་དུ་རྒྱ་གར་ད་དུང་བཅུག་མེད་ཚུལ་བརྗོད་ཀྱང་།
ལྷན་ཚོགས་དེས་རྒྱ་གར་མི་བཅུག་དགོས་དོན་ནི་རྒྱ་གར་གྱིས་རང་སྲུང་གི་ཁྲོམ་རའི་ལྟ་ཚུལ་བཟུང་བས་ཡིན་ཚུལ་བརྗོད་འདུག
འོན་ཀྱང་། ཁོ་ཚོས་རྒྱ་གར་ལྷོ་ཤར་ཨེ་ཤ་ཡའི་ཚོང་དོན་ལྷན་ཚོགས་སུ་ཞུགས་རྒྱུའི་སྒོ་མོ་ག་དུས་ཡིན་ཏང་ཕྱེ་ཡོད་ཚུལ་བརྗོད་འདུག
ནུབ་ཕྱོགས་དང་ཡར་རྒྱས་ལ་ཕྱིན་པའི་རྒྱལ་ཁབ་རྣམས་སུ་ཕྲུ་གུ་སྐྱེས་རྒྱུ་ཉུང་དུ་ཕྱིན་ཅིང་།
གཞོན་སྐྱེས་མང་པོ་ཤུགས་ལས་ལ་མི་མོས་བའི་སྐྱག་ལངས་སུ་ཤོར་བས། བཟོ་གྲྭ་ཆེན་པོ་རྣམས་ལ་ལས་མི་ཡིས་མི་འདང་བའི་དཀའ་ངལ་ཡོད་པས།
མི་འབོར་མང་བའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་སྐྱོ་བོ་རྣམས་ནི་ཁེ་གཉེར་ཁང་ཚོའི་མ་འོངས་ལས་མིར་དམིགས་ཡོད།
རྒྱུ་མཚན་ནི། ཝེ་ཐི་ནམ་དང་ཨེན་དྷོ་ནེས་ཤ་ཡ། ཧྥུ་ལི་ཕིན་ལྟ་བུ་རྒྱལ་ཁབ་ཚོ་ལ་མི་འབོར་མང་བས་ཡར་རྒྱས་ཀྱི་རྒྱལ་ཁབ་རྣམས་ཀྱི་ཁེ་གཉེར་ཁང་ཚོས་རྒྱལ་ཁབ་དེ་དག་གི་ནང་དུ་བཟོ་གྲྭ་དང་།
ཁེ་གཉེར་ཁང་འཛུགས་རྒྱུར་འགྲན་རྩོད་བྱེད་ཀྱི་ཡོད་པས། ད་ལྟའི་ཨེ་ཤ་ཡའི་ཚོང་དོན་གྱི་གྲོས་ཆམ་འདི་ནི་རྒྱ་ནག་དང་།
ཉི་ཧོང་། ལྷོ་ཀོ་རི་ཡ་ལྟ་བུ་ལ་མཚོན་ན་གོ་སྐབས་ཡག་ཤོས་སུ་གྱུར་ཡོད། མ་གཞི་ཉི་ཧོང་དང་ལྷོ་ཀོ་རི་ཡ་སོགས་ཀྱི་ཚོང་བས་རྒྱ་ནག་དང་མཛའ་འའབྲེལ་བྱེད་རྒྱུའི་འདོད་པ་ཡོད་ཀྱང་།
དམག་དོན་གྱི་དབུ་ཁྲིད་ཚོས་རྒྱ་ནག་ལ་དོགས་ཟོན་བྱེད་ཀྱི་ཡོད་པས། འདི་ནི་ཡུལ་གྲུ་དེ་དག་གི་ནང་གི་ཚོང་དཔོན་ཚོ་ལ་རྒྱལ་ཁ་ཐོབ་པའི་རྟགས་སུ་བརྩིས་ཆོག
གནས་སྟངས་འདི་ནས་ང་ཚོས་འཚོར་ཐུབ་པ་ཞིག་ལ། རྒྱལ་ཁབ་འདི་དག་རྐང་པ་གཉིས་འཛུགས་ཡིན་པ་མ་ཟད།
ཨ་རིའི་འོས་བསྡུ་ལས་བྷར་སྒྲན་ལ་རྒྱལ་ཁ་ཐོབ་པ་བསྒྲགས་མཚམས་སུ་རྒྱ་ནག་ལ་ཁེ་ཕན་ཐོབ་ཀྱི་ཡོད་པ་གསལ་བོ་རེད།
རྒྱུ་མཚན་ནི། ཨ་རིའི་རྒྱ་ནག་ཏུ་ཐོག་འཛིན་པའི་སྲིད་ཇུས་ལ་ངེས་བརྟན་མེད་པས་ཡིན་པ་མ་ཟད།
འདི་ཚོས་བྷར་སྒྲན་ལ་ཐོབ་པ་གཞི་བཞག་གིས་གན་རྒྱ་ཡོད་པ་གསལ་བོ་རེད། གལ་སྲིད་བྷར་སྒྲན་མ་ཐོབ་ཀྱང་།
ཨ་རིའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་ཅིང་། ཨ་རིའི་ཚོང་བའི་ལྷན་ཚོགས་དང་དངུལ་ཁང་ཆེན་མོ།
སྒྱུ་རྩལ་བ་དང་ཐེར་འབུམ་གྱི་བདག་པོ་མང་པོ། མང་གཙོ་ཚོགས་པ་གཙོ་བོའི་གྱུར་བའི་སྣེ་ཡོད་ཀྱི་ཆབ་སྲིད་པ་མང་པོས་རྒྱ་ནག་དང་གྲོགས་པོ་བསྒྲིགས་ཤིང་།
ཚོང་འབྲེལ་བྱེད་འདོད་ཡོད་པས། རྒྱ་ཁབ་འདི་དག་གིས་ཀྱང་ཨ་རི་ལ་ཡིད་ཆེས ༡༠༠% བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོད་མི་འདོད་པ་གསལ་བོ་བསྟན་འདུག
རྒྱུ་མཚན་ནི། ཨ་རིའི་མཐོ་རིམ་མི་སྣ་མང་པོ་རྒྱ་ནག་ལ་ཁ་གཏད་གཅོད་རྒྱུར་འདོད་པ་མེད་པས།
ཐ་ན TikTok དང་སྐད་འཕྲིན་ཙམ་ཡང་བཀག་དགོས་ཀྱང་། ལས་སླ་བོ་མེད་ཁར། བྷར་སྒྲན་ལ་ཐོབ་པའི་རེ་བ་ཧ་ཅང་གི་ཆེ་བས།
ཁོས་རྒྱ་ནག་ལ་ཁྲོ་རྒན་ལྟར་བཙན་པོ་མི་བྱེད་པ་ཡིད་ཆེས་ཡོད་པས་རེད།
མཐའ་དོན་ཨེ་ཤ་ཡའི་རྒྱལ་ཁབ་འདི་ཚོས་ནད་ཡམས་ཀྱི་རྗེས་སུ་དཔལ་འབྱོར་སླར་གསོ་ཡོང་རྒྱུའི་རེ་བ་བཅང་ཤིང་།
རྒྱ་ནག་དང་སྔ་ལས་མཉམ་འབྲེལ་བྱེད་འདོད་ཡོད་པས། ནད་ཡམས་དང་། ཧོང་གོང་། གུ་ཡུར་བའི་གནས་སྟངས་ཀྱིས་རྒྱ་ནག་དང་མཉམ་འབྲེལ་མི་བྱེད་པ་བཀག་ཐུབ་མི་འདུག
འཆི་བ་མ་ཡོང་ན། རྒྱལ་ཁབ་འདི་དག་ལ་སྒོར་མོ་ཡི་ཁེ་ཕན་བྱུང་ཚེ་གང་ལ་ཡང་མི་ལྟ་བ་གསལ་བོར་བསྟན་འདུག
གང་ལྟར་བྷར་སྒྲན་ལ་ཐོབ་པ་དང་ལྷན་དུ་རྒྱ་ནག་ལ་བཀྲ་ཤིས་བའི་གནས་ཚུལ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཡོང་བཞིན་འདུག