—— ཨ་ནུ་ཐང་བསོད་ནམས། ༡༨ ༡༡ ༢༠༢༠
༡༽ ཁྲོ་རྒན་གྱིས་ཡོ་རོབ་ཀྱི་དབུ་ཁྲི
༢༽ ཁྲོ་རྒན་གྱིས་རྒྱ་ནག་དང་ཚོང་ དམག་བརྒྱབ་པར་ཡོ་རོབ་ཀྱི་དགའ་མོ ས་བྱེད་ཀྱི་མེད། རྒྱུ་མཚན་ནི། ཡོ་རོབ་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོ གས་ལ་ལྟོས་བ་མེད་པ། འཛམ་གླིང་ཀུན་ལ་ཚོང་འབྲེལ་བྱེད་ འདོད་ཡོད་པས་རེད།
༣༽ ཡོ་རོབ་པ་ཨ་རི་ལ་ཕྲག་དོག་ཟ་བས་
༤༽ ཡོ་རོབ་ཀྱི་སྲིད་གཞུང་འཛིན་མང་ ཤོས་ནི་གཡོན་ཕྱོགས་ཀྱི་ལྟ་བ་འཛི ན་ཡིན་པས། ཡོ་རོབ་ཀྱི་གསར་ཁང་མང་ཤོས་ཀྱིས་ དུས་ཀུན་ཁྲོ་རྒན་ལ་སྐྱོན་བརྗོད་ བྱེད་ཀྱི་ཡོད། རྒྱུ་མཚན་ནི། ཁོ་ཚོས་སུ་ལ་ཡང་དགྲ་མི་བསག་པ་ ཚང་ལ་མ་གྲོགས་པོ་བྱས་ཏེ། ཚོང་འབྲེལ་བྱེད་རྒྱུ་ཡིན་པས་རེ ད། སྒོར་མོའི་ཆེད་དུ་སུ་ལ་ཡང་ཚོང་ འབྲེལ་བྱེད་རྒྱུའི་ལྟ་གྲུབ་བཟུ ང་བས་རེད།
༥༽ དེང་སྐབས་ཡོ་མནའ་ཡི་རྒྱལ་ཁབ་གང་ ལ་ཡང་། རང་བཙན་ཤོར་བའི་དཀའ་ངལ་མེད་ཅིང་ ། དཀའ་ངལ་ཡོད་པ་ནི། དཔལ་འབྱོར་ཡར་རྒྱས་བཏང་འདོད་པས། དཔལ་འབྱོར་གྱི་ཆེད་དུ་གུང་ཁྲན་ དང་མང་གཙོ། སྤྱི་བསྡུ་དང་། རང་དབང་སོགས་ཀྱི་དབྱེ་བ་མེད་པ་ ཚོང་འབྲེལ་བྱེད་འདོད་པས་རེད།
༦༽ ཡོ་མནའ་ཡིས་ཁ་གཏད་དང་པོ་དང་དགྲ་ བོ་ནི་ཨུ་རུ་སུར་འདོད་པ་ལས་རྒྱ་ ནག་མི་འདོད་པས། ཁྲོ་རྒན་གྱིས་ཨུ་རུ་སུ་ལ་ཉེ་བོ་ བྱས་ཤིང་། རྒྱ་ནག་དང་པོར་བྱས་བར་དགའ་བོ་བྱེ ད་ཀྱི་མེད།
༧༽ ཡོ་མནའ་ཡིས་ཁོར་ཡུག་ལ་དོ་སྣང་བྱེེ ད་ཅིང་། ཡོ་མནའ་ཡི་གྲོས་ཚོགས་ཀྱི་ནང་དུ་ ཡང་ཁོར་ཡུག་གི་ཆབ་སྲིད་ཚོགས་པའི ་འཐུས་མི་མང་པོར་རྐུབ་སྟེགས་རེ ག་ཡོད་པས། དེ་དག་ཁྲོ་རྒན་ལ་དགའ་བོ་བྱེད་ཀྱི ་མེད། རྒྱུ་མཚན་ནི། ཁོ་ཚོས་ཁོར་ཡུག་གི་སྐོར་གྱི་ལས་ འགུལ་སྤེལ་ནས་ཆབ་སྲིད་ཀྱི་ལས་ཀ་ ཐོབ་ཡོད་པས། ཁོ་ཚོའི་ཁ་ཟས་ཁོར་ཡུག་གི་ལྟ་གྲུ བ་ལ་སྐྱོན་བརྗོད་བྱེད་མཁན་ལ་མི་ མོས་བས་རེད། རྒྱུ་མཚན་ནི། ཁྲོ་རྒན་གྱིས་དཔལ་འབྱོར་དང་ཁོར་ ཡུག་མཉམ་སྐྱོད་བྱེད་པའི་ལྟ་གྲུ བ་བཟུང་བས་རེད།
༨༽ ཡོ་མནའ་ནི་གོ་ལ་གཅིག་གྱུར་གྱི་ ལམ་ལུགས་དང་། རྒྱལ་ཁབ་དེ་ཙམ་དབྱེ་མེད་ཀྱི་ལྟ་ གྲུབ་ཀྱི་ལྟ་གྲུབ་བཟུང་ཞིང་། ཡོ་མནའ་ཡི་རྒྱལ་ཁབ་མང་པོ་མཉམ་རི བ་བྱས་ཡོད་པས། ཁྲོ་རྒན་གྱིས་ད་ལྟའི་གོ་ལ་གཅིག་ གྱུར་ནི། མཉམ་འབྲེལ་དངུལ་ཁང་དང་། ཁེ་གཉེར་ཁང་། དྲ་རྒྱ་ཁ་གཉེར་ཆེན་པོ་དང་། རྒྱ་གཞུང་བཅས་ཀྱི་སྒེར་བདག་བྱེ ད་ཀྱི་ཡོད་པས་དྲང་བདེན་མིན། དེར་བརྟེན། འདི་ལ་དྲང་བོའི་དག་ཐེར་བྱེད་དགོ ས་ལབ་པས། གོ་ལ་གཅིག་གྱུར་དང་། མཉམ་འབྲེལ་ཚོང་བས་དབང་སྒྱུར་བྱ ས་བས། ཡོ་མནའ་ཡིས་ཁྲོ་རྒན་ལ་དགའ་མོས་ བྱེད་ཀྱི་མེད། དེ་ནི་ཁོ་ཚོའི་ཉེན་ཁར་མཐོང་གི་ ཡོད།
༩༽ ཁྲོ་རྒན་ལ་རྒྱལ་ཁ་ཐོབ་པ་ཡིན་ན། ཡོ་རོབ་ཀྱི་ནང་གི་གཡས་ཕྱོགས་ཀྱི ་ཆབ་སྲིད་པ་དང་། རྒྱལ་ཞེན་པ་རྣམས་ལ་རྒྱལ་ཁ་ཐོབ་ རྒྱུའི་རྐྱེན་དུ་འགྲོ་བས་དེ་ལ་ ངོ་རྒོལ་བྱེད་ཀྱི་ཡོད།
༡༠༽ སྔ་ལོར་རྒྱལ་ཚོགས་ཀྱི་ལོ་འཁོར་ གྱི་ཚོགས་ཆེན་གྱི་ཐོག་ཏུ་ཁྲོ་རྒ ན་གྱིས་མ་འོངས་བའི་འཛམ་གླིང་འདི ་ནི་གོ་ལ་གཅིག་གྱུར་མཁན་ལ་མི་ དབང་བ། རྒྱལ་ཞེན་ཅན་དང་། ས་མཚམས་སྲུང་མཁན་ཚོ་ལ་དབང་ཚུལ་ བརྗོད་པ་མ་ཟད། ད་ལོའི་ཟླ ༡ ནང་གི་ལོ་འཁོར་ཚོགས་ཆེན་གྱི་ཐོ ག་ཏུ་ཡང་། ཁྲོ་རྒན་གྱིས་ང་ཚོས་རང་དབང་གི་ ཆེད་དུ་གཡོན་མཐའ་ཆེ་བའི་སྤྱི་ཚོ གས་རིང་ལུགས་ཀྱི་རྩུབ་སྤྱོད་པ་ ཕམ་པར་བཏང་དགོས་ཚུལ་དང་། གོ་ལ་གཅིག་གྱུར་མཁན་གྱི་འཇིགས་ སྐུལ་ལ་ཉན་མི་རུང་ཞིང་། ཁོ་ཚོས་དྲུག་ཅུའི་ནང་དུ་འཛམ་གླི ང་ལ་མི་འབོར་མང་པོ་དཀའ་ངལ་འཕྲད་ ཚུལ་དང་། དུག་བཅུའི་ནང་དུ་འཛམ་གླིང་གི་སྣུ མ་རྩ་མེད་དུ་འགྲོ་ཚུལ་བརྗོད་ཀྱ ང་། དེ་ལྟར་བྱུང་མེད་པ་མ་ཟད། ད་ལྟ་ཨ་རི་ནི་སྣུམ་གྱི་སྒོ་ནས་ རང་དབང་ཐོབ་པས། ཡོ་རོབ་ལ་སྣུམ་བཙོང་ཆོག་ཚུལ་བརྗོ ད་ཡོད།
དེས་འཛམ་གླིང་གི་ཐེར་འབུམ་གྱི་ བདག་པོ་ཚོང་བ་མང་པོ་དང་། མཉམ་འབྲེལ་གྱི་ཁེ་ལས་ཁང་ཆེན་པོ་ རྣམས་ལ་འཇིགས་སྣང་བཟོས་ཡོད། དེར་བརྟེན། ཁོ་ཚོས་ལྐོག་ནས་ཚོགས་འདུ་ཚོགས་ ཤིང་། ཁྲོ་རྒན་ནི་ཁོ་ཚོའི་འགོག་རྐྱེན་ ཡིན་པས། ཁོ་ངེས་བར་དུ་སྲིད་འཛིན་མར་གཡུ ག་དགོས་ལབ་ཡོད།
Tags:
སྲིད་དོན།