ཐེའུ་རང་།
ན་བཟའ་སྐྱ་ཆས་སུ་མནབས་པས
ལྷག་ཏུ་སྐྱ་དམག་ཁེར་རྒྱུག་ཅིག་དང་འདྲ་སོང
བྲང་ཁ་ལྡིར་བས་ཡར་ཀླུང་ཁོག་པ་མཐོང་ཐུབ
དཔུང་ངར་བརྫེས་པས་ལྕགས་པོ་རིའང་བརྒལ་ཐུབ
ཁྲོས་པའི་གསུང་ནི་གངས་ཞོགས་ལས་ཀྱང་བཙན
ཞི་བའི་ཞལ་ནི་གཙང་བོ་ལས་ཀྱང་བསིལ
ཁ་བ་ཅན་གྱི་སྐྱིད་སྡུག་གི་དེབ་ཐེར་དུ
ཡིག་འབྲུ་ཁྲི་བདུན་གྱི་གཟུངས་སྔགས་བྲིས
ཉི་འོད་ཀྱང་འཁྱག་རོམ་དུ་ཆགས་པའི་དུས་ཚིགས་ཤིག
སྐུའི་ངོ་བོར་འཐིམ་ནས་བགྲང་བྱ་བཅུ་འདས
ཐུགས་ནི་ནམ་མཁའ་བཞིན་མཐའ་ཡས
དཔའ་སྙིང་ནི་ཉི་ཟླ་བཞིན་འོད་ཆེ
བཀའ་ལོག་དང་ན་ཚ་ཡི་མེ་བོ་ཆེ
ཀུན་ཏུ་འཁྲིགས་པ་ཀུན་ནས་བཅོམ
གང་དུ ཆེ་ཆེ་དྲག་དྲག་གི་འཇིགས་པ་ཡོད་ན
དེ་རུ སེང་གེའི་གཡུ་རལ་ལྡེམ་ནས་ཡོད
འབྲོང་གཡག་གི་ཧར་སྒྲ་མཆེད་ནས་ཡོད
པཎ་ཆེན་རིན་པོ་ཆེས་དཔུང་ངར་བརྫེས་ནས་ཡོད
Tags:
ཟིན་ཐོ།