ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་གཞུང་ཚབ་མ་ཐའེ་ཝན་ལ་ཕེབས་འཆར་ཡོད་འདུག

ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་གཞུང་ཚབ་པ་ཐའེ་ཝན་ལ་གཟིགས་སྐོར་དུ་ཕེབས་འཆར་ཡོད་པར་རྒྱ་ནག་འཇིགས་སྣང་སྐྱེས་བཞིན་འདུག


ཕྱི་ཟླ་ ༡ ཚེས་ ༧ ཉིན། ཨ་རིའི་རྒྱལ་དོན་དྲུང་ཆེ་སྐུ་ཞབས་མཱ་ཁི་ཕོམ་ཕའེ(Mike Pompeo)ལགས་ནས། ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཚབ་པ་ལྕམ་ཁཱ་ལའེ་ཁི་རཱ་ཧྥི་ཊི(Kelly Craft)ལགས་ནས། མི་རིང་བར་ཐའེ་ཝན་མཚོ་གླིང་ལ་གཟིགས་སྐོར་བྱ་རྒྱུ་ཡིན་པའི་གནས་ཚུལ་བསྒྲགས་ཡོད་པ་དང་། རྒྱ་ནག་གཞུང་གིས་གནད་དོན་དེ་ནི་ཨ་རིའི་གཞུང་གིས་བསུབ་ཐབས་མེད་པའི་ནོར་འཁྲུལ་གྱི་ལས་ཀ་ཞིག་ཡིན་པའི་ངོ་རྒོལ་བྱས་ཡོད་འདུག

རྒྱལ་དོན་དྲུང་ཆེ་ཡིས་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་གཞུང་ཚབ་མ་ཐའེ་ཝན་མཚོ་གླིང་ལ་གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་པ་དང་། དེ་ནི་ཨ་རིའི་ཐའེ་ཝན་མཚོ་གླིང་ལ་གཟིགས་སྐོར་དུ་བཏང་བའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཕེབས་ཐེངས་གསུམ་པ་ཆགས་རྒྱུ་ཡིན་པ་དང་། ཐའེ་ཝན་ནི་ཨ་རིའི་བློས་འགེལ་ཆོག་པའི་མཉམ་ལས་གྲོགས་པོ་ཡིན་པ་མ་ཟད། གསོན་ཤུགས་ཀྱིས་ཁེངས་པའི་དམངས་གཙོའི་རྒྱལ་ཁབ་ཅིག་དང་། པེ་ཅིང་གཞུང་གིས་ཐའེ་ཝན་ལ་གནོད་ཐབས་ཀྱི་འབད་བརྩོན་བྱས་ཀྱང་། ཐའེ་ཝན་ནི་སྔར་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

 

ཡང་ཁོས་མུ་མཐུད་རྒྱ་ནག་དམར་ཤོག་ཚོགས་པའི་རང་ཉིད་ཀྱི་མི་སེར་མང་པོ་འཛིན་བཟུང་དང་། ཁྲིམས་ཀྱི་ལམ་ལུགས་ལ་གཏོར་བཤིག་གཏོང་བཞིན་ཡོད་པས། ཨ་རིའི་ཕྱོགས་ནས་མུ་མཐུད་གནད་དོན་དཔག་ནས་རྒྱ་ནག་གི་བྱེད་སྟངས་དེ་དག་ལ་ཉེས་ཆད་དང་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་པ་དང་། ཁོང་གི་གཏམ་བཤད་དེ་ནི་ཆེད་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་ ༥༣ ལྷག་འཛིན་བཟུང་རྗེས་བཤད་ཡོད་པ་དང་། རྒྱ་ནག་གོ་ལའི་དུས་བབ་ཟེར་བས་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་གཞུང་ཚབ་པ་ཐའེ་ཝན་ལ་གཟིགས་སྐོར་ཕེབས་རྒྱུར་ངོ་རྒོལ་ཤུགས་ཆེན་ཡོད་ལ། གནད་དོན་དེས་ཨ་རིར་བསུབ་ཐབས་མེད་པའི་གྱོང་གུད་ཡོང་རྒྱུ་ཡིན་པ་མ་ཟད། ཨ་རིའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དཀའ་ངལ་ཁྲོད་གཡུག་བཞིན་ཡོད་སྐོར་སོགས་བརྗོད་འདུག

 

ད་ལྟའི་ཆར་གཞུང་ཚབ་མ་ཁོང་ཐའེ་ཝན་མཚོ་གླིང་ལ་དངོས་སུ་ག་དུས་ཕེབས་མིན་སོགས་ཀྱི་ཟླ་ཚེས་སོགས་གསལ་ཁ་མེད་ཀྱང་། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་མང་པོས་གལ་ཏེ་གཞུང་ཚབ་མ་དངོས་སུ་ཐའེ་ཝན་ལ་གཟིགས་སྐོར་ཕེབས་ཐུབ་པ་ཡིན་ན། གནད་དོན་དེ་ནི་ཨ་རིའི་ཊོམ་ཕུ་སྲིད་གཞུང་གིས་ཐའེ་ཝན་དེ་བཞིན་ཨ་རིའི་ཕྱི་འབྲེལ་གནད་དོན་གལ་ཆེན་ཞིག་ལ་ངོས་འཛིན་དང་། ཐའེ་ཝན་དང་ཨ་རིའི་མཉམ་འབྲེལ་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུའི་ལས་དོན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ཨ་རིའི་སྲིད་གཞུང་རྩིས་སྤྲོད་ཀྱི་དུས་ཚོད་ཟིན་ལ་ཉེ་བས་གཞུང་ཚབ་པ་དུས་ཐུང་ནང་ཕེབས་རྒྱུ་ཡིན་པའི་སྔོན་དཔག་བྱེད་བཞིན་ཡོད་འདུག

 

ལོ་ཤས་ནས་བཟུང་ཨ་རྒྱ་གཉིས་ཀྱི་ཚོང་དམག་དང་འདི་ལོ་ནས་རྒྱ་ནག་གིས་རྒྱ་ནད་ཁྱབ་གདལ་བཏང་བ་སོགས་ཀྱིས། ཨ་རིའི་རྒྱ་ནག་ལ་འཛིན་པའི་འབྲེལ་ལམ་ཁག་ཧ་ཅང་སྡུག་ཏུ་སོང་བ་དང་བསྟུན། ཨ་རི་དང་ཐའེ་ཝན་གླིང་ཕྲན་གྱི་འབྲེལ་ལམ་དེ་ལེའུ་གསར་བ་ཞིག་གི་མགོ་ཚུགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༨ ནང་ཨ་རིའི་འཕྲོད་བསྟེན་དྲུང་ཆེས་ཐའེ་ཝན་ལ་གཟིགས་སྐོར་ཕེབས་ཡོད་པ་མ་ཟད། ཕྱི་ཟླ་ ༩ ནང་ཨ་རིའི་དཔལ་འབྱོར་དྲུང་ལས་སྐུ་ཞབས་(Keith Krach)ཆེད་དུ་ཐའེ་ཝན་མཚོ་གླིང་ལ་གཟིགས་སྐོར་ཕེབས་ཡོད་པ་དང་། ཨ་རིའི་རྒྱལ་དོན་དྲུང་ཆེ་ཕོམ་ཕའེ་ཡིས་ཐའེ་ཝན་དེ་བཞིན་རྒྱ་ནག་གི་ཆ་ཤས་ཤིག་མིན་སྐོར་གྱི་བསྒྲགས་གཏམ་སོགས་སྤེལ་ཡོད་པ་རེད།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post