སྲིད་འཛིན་ཊི་རིམ་ཕུ་འཛིན་སྐྱོང་གི་སྣེ་ཁྲིད་འོག་བྱང་ཀོ་རི་ཡ་དང་འབྲེལ་ལམ་གྱི་གོ་སྐབས་ཡག་པོ་བྱུང་ཡོད་ཀྱང་བྱང་ཀོ་རི་ཡས་འཕྲོ་བརླགས་བཏང་སོང་།
དེ་རིང་རྒྱལ་སྤྱིའི་རའོ་ཊིར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་རྒྱལ་དོན་དྲུང་ཆེ་གཞོན་པ་དང་སྲིད་འཛིན་ཊི་རིམ་ཕུ་སྲིད་གཞུང་གི་བྱང་ཀོ་རའི་འབྲེལ་མཐུད་སྐུ་ཚབ་པ།
སྐུ་ཞབས་སི་ཊེ་ཧྥན་བྷེ་གྷན(Stephen Biegun)ལགས་ནས་ལྷོ་ཀོ་རི་ཡར་གཟིགས་སྐོར་དང་འབྲེལ།
ཡུལ་དེའི་བདེ་འཇགས་ལས་ཁུངས་ཀྱི་མི་སྣ་ཁག་ཅིག་དང་གཏམ་བཤད་སྐབས། སྲིད་འཛིན་ཊི་རིམ་ཕུ་འཛིན་སྐྱོང་གི་སྣེ་ཁྲིད་འོག་བྱང་ཀོ་རི་ཡ་དང་ཨ་རིའི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ཡག་པོ་བྱུང་ཡོད་ཀྱང་།
བྱང་ཀོ་རི་ཡས་གོ་སྐབས་དེ་དག་འཕྲོ་བརླགས་སུ་བཏང་ཡོད་སྐོར་བརྗོད་འདུག
གནད་དོན་དེའི་སྐོར་ལ་ཁོང་གིས་བློ་ཕམ་པ་ཞིག་ལ་སྲིད་འཛིན་ཊི་རིམ་ཕུའི་སྲིད་འཛིན་དུས་ཡུན་གྱི་འདས་པའི་ལོ་གཉིས་ནང་། བྱང་ཀོ་རི་ཡའི་འབྲེལ་ཡོད་ཚོ་དང་འབྲེལ་ལམ་ཡར་རྒྱས་ཡོང་བའི་གོ་སྐབས་ཡག་པོ་བྱུང་ཡོད་ཀྱང་། བྱང་ཀོ་རི་ཡའི་ཕྱོགས་ནས་དུས་རྒྱུན་གྲོས་མོལ་ལ་འགལ་རྐྱེན་བཙལ་བར་འབད་པ་ལས། ཕན་ཚུན་འབྲེལ་འདྲིས་བྱེད་རྒྱུའི་གོ་སྐབས་འཛིན་ཐུབ་མེད་པ་དང་། རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུའི་གྲོལ་མོལ་དེ་ཡང་ལྷག་འཕྲོར་ལུས་ཡོད་པ་དང་། ཁོང་གིས་སྣེ་ཁྲིད་དེ་འབད་བརྩོན་བྱས་རིང་བྱང་ཀོ་རི་ཡ་དང་ཨ་རིའི་འབྲེལ་ལམ་ཐད་གོ་སྐབས་དེ་ལས་མང་བ་བྱུང་ཡང་། དེ་དག་དོན་ཐག་ཏུ་མ་སོང་བར་བློ་ཕམ་ཡོད་སྐོར་བརྗོད་འདུག
ཡང་ཁོང་གིས་མུ་མཐུད་ད་ལྟའི་ཆར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་གྲོས་མོལ་དེ་ཡང་ལྷག་འཕྲོར་ལུས་ཡོད་པ་དང་། གནད་དོན་དེ་དེ་དག་ནི་བློ་སྤོབས་ཆེན་པོས་བསམ་བློ་གཏོང་གཞི་ཞིག་ཆགས་ཡོད་པ་རེད། འདིར་བཤད་འདོད་པ་ཞིག་ལ་དམག་འཁྲུག་དང་རྩོད་རྙོག་གི་དུས་རབས་ཡོལ་ཟིན་པ་རེད་ལ། ད་ལྟ་ཞི་བདེའི་དུས་རབས་ལ་བསླེབས་ཡོད་པ་དང་། མ་འོངས་པར་ཁོང་གིས་མུ་མཐུད་སྲིད་འཛིན་ཊི་རིམ་ཕིའི་ཐག་གཅོད་ལྟར། ཨ་རི་དང་བྱང་ཀོ་ར་ཡའི་ཆེས་མཐོའི་མགོ་ཁྲིད་བར་འབྲེལ་ལམ་ཡོང་རྒྱུར་ཤུགས་སྣོན་བྱ་འདོད་ཡོད་སྐོར་བརྗོད་འདུག
ཨ་རིའི་སྲིད་འཛིན་ཊི་རིམ་ཕུ་སྲིད་གཞུང་གི་སྣེ་ཁྲིད་འོག་ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་ལམ་ཡར་རྒྱས་ཆེད།
སྲིད་འཛིན་ཊི་རིམ་ཕུ་དང་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་དང་ཐེངས་གསུམ་ཙམ་ལ་ཐུག་འཕྲད་བྱས་ཡོད་པ་དང་།
ཐུག་འཕྲད་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༨ ལོར་སེངྒ་ཕོར་ནས་ཐུག་འཕྲད་ཀྱིས་བྱང་ཀོ་རིའི་ནང་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་གྲོས་མོལ་ལ་ས་རྟགས་སྐྱོན་ཡོད་པ་དང་།
ཐེངས་གཉིས་པ་ལྷོ་བྱང་ཀོ་རི་ཡའི་ས་མཚམས་ནས་བྱས་ཏེ། སྲིད་འཛིན་ཊི་རིམ་ཕུ་དངོས་སུ་བྱང་ཀོ་ཡའི་ས་ཐོག་ཏུ་གོམ་པ་སྤོས་ཡོད་པ་རེད། ཐུག་འཕྲད་ཐེངས་གསུམ་པ་ཕྱི་ལོ་ ༢༠༡༩ ལོར་ཝེ་ཐི་ནམ་གྱི་རྒྱལ་ས་ཧཱ་ནའོ་(Hanoi)བྱས་ཏེ།
གནད་དོན་ཁག་ཅིག་གི་སྟེང་གྲོས་མོལ་བྱས་ཡོད་ཀྱང་། རྗེས་སུ་བྱང་ཀོ་རི་ཡའི་ཕྱོགས་ནས་ཐག་གཅོད་དེ་དག་དངོས་སུ་ལག་བསྟར་བྱས་མེད་འདུག