སྒྲོ་མེས་ནེས་ཡའི་འོས་བསྡུའི་གློག་ཀླད་འཕྲུལ་ཆས་མ་ལག་རྒྱ་ནག་ནས་བཟོས་པ་དང་དེའི་སྟོབས་ཤུགས་ཨ་རིའི་ནང་དུ་ཅི་ལྟར་བྱུང་ཚུལ།
སྒྲོ་མེས་ནེས་ཡ་ལ་འོས་བསྡུའི་གློག་ཀླད་འཕྲུལ་ཆས་ཞལ་འདེབས་སྤྲད་མཁན་ནི་ཁི་ལིན་ཊོན་ཐེབས་རྩ་ཁང་དང་། ཐེར་འབུམ་གྱི་སྦྱིན་བདག་གསོ་རོ། ཨོ་བྷ་མ་དང་རྒྱ་ནག གསེ་བྷིས་ཡའི་གཞུང་བཅས་རེད། ད་ལོའི་ནད་ཡམས་ཀྱི་སྐབས་སུ་གསེར་བྷིས་ཡའི་སྲིད་འཛིན་(Vučić)ཡིས་ཡོ་མནའ་ལ་རེ་བ་བཅང་བ་ནི་སྟོང་བསམ་ཡིན་པས། དཀའ་ངལ་འཕྲད་སྐབས་སུ་དོན་དངོས་སུ་རོགས་སྐྱོར་བྱེད་མཁན་ནི་རྒྱ་ནག་རེད་ལབ་ནས་རྒྱ་ནག་གི་དར་ཆ་ལ་ཨོ་སྤྲད་ཡོད། ལྷག་པར་དུ་རྗོ་རྗེ་གསོ་རོ་ཡིས་ཨ་སྒོར་ཨ་ཡ ༢༠ སྤྲད་འདུག
འཕྲུལ་ཆས་ཆེད་མཁས་བ་(Dana Jill Simpson)དང་མོའི་ཁྱོ་ག་(Jim)གཉིས་ཀས་ཁཱ་ན་ཊིའི་གྲོང་ཁྱེར་ཁྲོ་རན་ཁྲོའི་ནང་དུ་སྐུ་ཞབས་རྗོ་རྗེ་གསོ་རོ་ཡི་ཐེབས་རྩ་ཁང(Tides Foundation)གི་ནང་དུ་ལས་ཀ་བྱས་ཤིང་། ཁོ་གཉིས་ཀྱིས་ལས་ཀ་བྱེད་ས་དེ་དང་། འོས་བསྡུ་འཕྲུལ་ཆས་སྒྲོ་མེས་ནེས་ཡའི(Dominion) ལས་ཁུངས་ཀྱི་ལྟེ་བ་གཉིས་ཁང་བ་གཅིག་མཉམ་སྤྱོད་བྱས་འདུག ཉམས་ཞིབ་པ་བཟའ་ཟླ་གཉིས་ཀ་མང་གཙོ་ཚོགས་པའི་བྷེར་ནེས་གསན་སྒྲ་ཡི་རྒྱབ་སྐྱོར་བ་ཡིན་ཞིང་། དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་རེད།
ཁོ་གཉིས་ཀ་ལོ་མང་པོའི་སྔོན་ནས་འོས་བསྡུ་འཕྲུལ་ཆས(Dominion)ཡིས་འདི་ལྟར་མགྱོགས་པོ་ཨ་རིའི་འོས་ཤོག་གི་ཁྲོམ་ར་འཁུར་ནས་འགྲོ་བཞིན་ཡོད་པས་དོགས་པ་ཟ་ཞིང་། རྒྱུན་རིང་ལ་ཞིབ་འཇུག་བྱས་ཏེ་ཤེས་རྟོགས་བྱུང་བའི་གནས་ཚུལ་ཆ་ཚང་ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་ཞིབ་འཇུག་ཉེན་རྟོག་པ(FBI)ལ་སྤྲད་ནས་རོགས་པ་བྱོས་ལབ་ཀྱང་། ཁོ་ཚོས་དེ་དག་སྣང་མེད་དུ་བཏང་འདུག རྗེས་སུ་ཁོ་གཉིས་ཀས་ཧ་ཝལ་སློབ་ཆེན་གྱི་ཁྲིམས་རྩོད་པ(Cliff Arnebeck)མཉམ་དུ་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་ཡིག་ཆ་བསྔོགས་ཤིང་། དེའི་ནང་དུ་ཤེས་གསལ་ལྟར་དུ་ཨོ་བྷ་མ་དང་བྷར་སྒྲན་གཉིས་ཀས་འོས་བསྡུ་འཕྲུལ་ཆས་སྒྲོ་མེས་ནེས་ཡ་(Dominion) ལ་སྟངས་འཛིན་བྱེད་མཁན་ཡིན་པ་ཤེས་འདུག སྒྲོ་མེས་ནེས་ཡ་དང་ཨོ་བྷ་མ་དང་པོར་འབྲེལ་མཐུད་བྱེད་མཁན་ནི་ཨོ་བྷ་མས་བསྐོས་བའི་ཨ་རིའི་ཁྲིམས་རྩོད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་(Eric Holder) རེད།
སྐུ་ཞབས(Eric Holder)ནི ༢༠༠༩ ལོར་ཨོ་བྷ་མ་སྲིད་འཛིན་དུ་བསྡད་རྗེས་སུ་ཨོ་བྷ་མས་ཨ་རིའི་ཁྲིམས་རྩོད་པའི་དྲུང་ཆེའམ་འགན་འཛིན་དུ་བསྐོས་ཡོད། ཁོ་དང་ཨོ་བྷ་མ། བྷར་སྒྲན་སོགས་ཀྱིས་སྒྲོ་མེས་ནེས་ཡའི་འོས་བསྡུའི་གློག་ཀླད་འཕྲུལ་ཆས་ལ་མཉན་ཆས་བཟོ་མཁན་ཡོ་རོབ་ཀྱི་གསིར་བྷིས་ཡའི་(Serbia)རྒྱལ་ཁབ་ཀྱི་ནང་དུ་ཡོད་པའི་(ES and S )ལ་གནོད་ཤུགས་སྤྲད་དེ། བཙན་དབང་གིས་ཁོ་ཚོས་ངག་ལ་ཉན་དུ་བཅུག དེ། ཕྱི་ལོ་ ༢༠༡༢ ལོར་ཨོ་བྷ་མ་ཡང་བསྐྱར་སྲིད་འཛིན་དུ་འདེམ་རྒྱུར་རོགས་པ་བྱེད་བཅུག་འདུག ལས་དོན་དེའི་ཆེད་དུ་ ༢༠༠༩ ཟླ ༥ ཚེས ༢༠ ཉིན་བྷར་སྒྲན་དང་། ཨ་རིའི་གཞུང་གི་ཁྲིམས་རྩོད་པའི་དྲུང་ཆེ་ཧོལ་སྒྲར (Holder) གཉིས་གསེར་བྷིས་ཡ་ལ་ཕྱིན་ནས་བཙན་དབང་གིས(ES and S Hacker )དང་གན་རྒྱ་བཞག་འདུག རྒྱུ་མཚན་ནི།(ES and S)ཡིས་འོས་བསྡུ་འཕྲུལ་ཆས་སྒྲོ་མེས་ནེས་ཡ་ལ་མཉན་ཆས་བཟོ་བཞིན་ཡོད་པ་མ་ཟད། (Smartmatic)དང་མཉས་ལས་བྱེད་ཀྱི་ཡོད་ཅིང་། དེ་དག་གིས་འོས་བསྡུའི་ནང་དུ་ཁྲིམས་འགལ་བྱས་བའི་ནག་ཉེས་ཡོད་པས། ཁོ་ཚོས་བྷར་སྒྲན་དང་མཉམ་ལས་བྱས་བ་ཡིན་ན། ཉེས་ཆད་མི་གཅོོད་པས་རེད། མ་ཟད་ཁེ་ཕན་ཡོད་ཅིང་། སྒྲོ་མེས་ནས་ཡ་ཡང་ཨོ་བྷ་མ་དང་བྷར་སྒྲན་གྱིས་བཏང་འཛིན་འོག་ཏུ་ཚུད་ནས་ཡོད་པས་རེད།
ཉམས་ཞིབ་མ་(Dana Jill Simpson)ཡིས་མུ་མཐུད་དུ་སྒྲོ་མེས་ནེས་ཡའི་འོས་བསྡུ་འཕྲུལ་ཆས་ནི་ཨ་རིའི་གྲོང་ཁྱེར་(Denver)གྱི་ནང་དུ་བཟོ་བཞིན་ཡོད་ཚུལ་བརྗོད་པ་ནི་རྫུན་མ་རེད། བཟོ་ས་ངོ་མ་ནི་རྒྱ་ནག་ནས་རེད། བཟོ་མཁན་ནི་(Flex)གློག་ཆས་བཟོ་གྲྭ་རེད། བཟོ་ཚོང་དེའི་སྣེ་ཁྲིད་པས་རྒྱ་ནག་གི་ཧོས་ཝལ་དང་ཚོང་འབྲེལ་བྱེད་ཀྱི་ཡོད། (Flex)ཡིས་ཧོས་ཝལ་གྱི་ཁ་དཔར་དང་། འཕྲུལ་རབས་ལྔ་བ(5G)བཟོས་ཡོད། ཁྲོ་རྒན་གྱིས་ཧོས་ཝལ་བཀག་པས་ཁོ་ཚོོ་ཁོ་ལ་མི་དགའ་བ་ཁག་མེད། མ་ཟད་ཁོ་ཚོས་མཉན་ཆས་བཟོ་ས་ནི་ཁཱ་ན་ཊ་དང་གསིར་བྷིས་ཡ་ཡིན་ལ། རྒྱལ་སྤྱིའི་མཉམ་ལས་ཁང(Barbados)རེད། དེ་ནི་ཁི་ལིན་ཊོན་གྱི་ཐེབས་རྩ་ཁང་གི་འཆར་གཞི་ཡི་ཆ་ཤས་ཤིག་ཡིན་པ་མ་ཟད། ཁཱ་ན་ཊ་དང་གསིར་བྷིས་ཡ་གཉིས་ཀྱི་ནང་དུ་ཡོད་པའི་མཉས་ཆས་བཟོ་མཁན་དེ་ཚོས་ཁིི་ལིན་ཊོན་གྱི་ཐེབས་རྩ་ཁང་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་ལས་ཀ་བྱེད་ཀྱི་ཡོད་བརྗོད་འདུག འདི་ལྟར་བསམ་ཚེ་འདི་ཚོས་གོ་ལ་གཅིག་གྱུར་གྱི་འཆར་གཞི་བསྒྲིགས་ཤིང་། ཁོ་ཚོས་ཁ་གཏད་ཀུན་མེད་པར་བཏང་གི་ཡོད་ཕྱིན། ཁྲོ་རྒན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཁ་གཏད་བཅག་ཅིང་། ཨ་རིའི་འཛམ་གླིང་འཕྲོད་བསྒྲིགས་དང་། འཛམ་གླིང་ཚན་གཞུང་ལྷན་ཚོགས། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ནས་ཐོན་པས་རྒྱལ་ཚོགས་ཁྲོ་རྒན་ལ་མི་དགའ་བ་ཁག་མི་འདུག ཁོ་ནི་ཁོ་ཚོའི་ཁ་གཏད་ཡིན་པས་ཡིན། ཁྲོ་རྒན་གྱིས་ཨ་རི་དེ་ལྟར་ཐོན་དགོས་དོན་ནི། ཐམས་ཅད་རྒྱ་ནག་གིས་འཁུར་བཞིན་ཡོད་པས་དེ་ནས་བསྡད་ན་ཕན་ལས་གནོད་པས་རྒྱལ་ཚོགས་ལ་བཅོས་སྒྱུར་བཏང་ཆེད་དུ་ཐོན་པ་རེད། ཨ་རི་མ་ཐོན་པར་བཅོས་བསྒྱུར་བཏང་ཐབས་བྱས་ཀྱང་གྲུབ་འབྲས་མ་ཐོན་པས་རེད།
མོས་མུ་མཐུད་དུ་ཨོ་བྷ་མ་སྲིད་འཛིན་དུ་བདམས་རྗེས་སུ་ཨོ་བྷ་མས་བདམས་པའི་ཨ་རིའི་ཁྲིམས་རྩོད་པའི་དྲུང་ཆེ(Holder)དང་། ལས་རོགས་(Mueller)གཉིས་ཀྱིས ༢༠༠༨ -༢༠༠༩ ནང་དུ་ཨ་རིའི་གློག་རའི་འོས་བསྡུའི་ཁེ་གཉེར་ཁང(EVS Unit)ཉོས་ཤིང་། དེ་དང་དེའི་ཨ་རིའི་གློག་ཆས་ཀྱི་འོས་ཤོག་གི་ཁྲོམ་ར ༣༠% ཡོད་པ་རྣམས་སྒྲོ་མེས་ནེས་ཡ་ལ་སྤྲད་ཡོད་སྐོར་བརྗོད་འདུག
སྒྲོ་མེས་ནེས་ཡ་ཡས་དབྱིན་ཡུལ་དུ་རུ་བརྟན་གཞི་བྱས་བའི་འོས་བསྡུའི་མཉན་ཆས་བཟོ་མཁན(Smartmatic)དང་མུ་མཐུད་དུ་མཉམ་འབྲེལ་བྱས་བ་མ་ཟད། དེའི་མ་རྩ་ཉོས་བས། (Smartmatic)ཡིས ༢༠༠༤ ལོར་ལྷོ་ཨ་རིའི་རྒྱལ་ཁབ་(Venezuela)ཡི་གཅིག་སྡུད་རིང་ལུགས་པའི་སྲིད་འཛིན་(Chavez)ལ་རྒྱབ་སྐྱོར་བྱས་ཏེ་སྲིད་འཛིན་ཐོབ་པའི་རྙོག་གླེང་ཡོད་པ་རྣམས་ཨ་རིའི་ནང་དུ་རྩ་མེད་དུ་ཕྱིན་ཡོད། སྒྲོ་མེས་ནེས་ཡ་ཡིན་ཡང་དེ་སྔོན་འོས་བསྡུ་ཡི་སྐབས་སུ་ཁོ་ཚོར་རྙོག་གླེང་ཡོད་པ་རྣམས་མེད་པར་གྱུར་ཡོད་ཅེས་བརྗོད་འདུག
ཨོ་བྷ་མ་དང་བྷར་སྒྲན་གྱིས་རོགས་སྐྱོར་འོག་ཏུ་སྒྲོ་མེས་ནེས་ཡའི་འོས་བསྡུ་ཁེ་གཉེར་ཁང་ཟླ ༢ ནང་དུ་ཨ་རིའི་འོས་བསྡུ་ཁེ་གཉེར་ཁང་ཆེ་ཤོས་སུ་གྱུར་ཅིང་། ཕྱི་ལོ་ ༢༠༡༢ ནས་ ༢༠༡༦ བཅས་ལ་འོས་བསྡུ་ཡི་ཁྲོད་དུ་སྒྲོ་མེས་ནེས་ཡ་ཡིས་ནུས་བ་ཤུགས་ཆེན་བཏོན་ཡོད་པ་མ་ཟད། ལྷག་པར་དུ་ད་ལོའི་ནད་ཡམས་དང་འབྲེལ་ནས་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཡི་ནང་དུ་ཁོ་མཉམ་ཞུགས་སྔར་ལས་ཆེ་རུ་སོང་ཡོད་པ་དང་། ད་ལྟ་ཁྲོ་རྒན་གྱི་འོས་ས་ཡ་དུ་མ་ལྷག་བྷར་སྒྲན་ལ་སྤྲད་འདུག་ཅེས་བའི་རྩོད་རྙོག་སླེབས་པ་གནད་དོན་འདི་ལ་ཐུག་ཡོད་པ་དང་། འོས་བསྡུ་ཡི་རྙོག་དྲ་མ་བྱུང་གོང་དུ་སྒྲོ་མེས་ནེས་ཡ་ལ་ཁོ་ཚོའི་དྲ་རྒྱའི་ནང་དུ་ལས་མི ༣༧༠ བསྒྲགས་ཡོད་ཀྱང་། ད་ལྟ ༢༠༠ ལྷག་མ་གཏོགས་མི་འདུག
སྒྲོ་མེས་ནེས་ཡ་ཡི་ཁྱད་ཆོས་གཙོ་བོ་ནི་འོས་ཤོག་ཁ་བསྒྱུར་བྱེད་རྒྱུ་དང་། ནག་བསུབ་གཏོང་བ། དྲ་རྒྱ་རྒྱུད་ནས་འོས་ཤོག་གི་ཁ་གྲངས་བརྗེ་བ། (USB)རྒྱུད་ནས་འོས་ཤོག་བླུགས་ཐུབ་པ། འོས་ཤོག་གཅིག་གི་ལས་རྟགས་ཀྱིས་ཐེངས་ལྔ་དྲུག་ལྷག་ཙམ་བླུགས་ཐུབ་རྒྱུ་བཅས་རེད། མ་ཟད་རྒྱ་དྲ་རྒྱུད་ནས་སྒྲོ་མེས་ནེས་ཡའི་འོས་བསྡུ་གློག་ཀླད་ཀྱི་ནང་ལ་རྒྱ་ནག་དང་། ཨེ་རན་ནས་ནང་དུ་སིམ་འཛུལ་བྱེད་ཐུབ་ཀྱི་འདུག
ཨ་རིའི་འོས་བསྡུའི་གློག་ཀླད་འཕྲུལ་ཆས་འགན་འཛིན། |
འོས་བསྡུ་འཕྲུལ་ཆས་དེ་དང་པོར་བཟོ་མཁན་གྱི་གཙོ་བོའི་གྲས་སྐུ་ཞབས(Eric coomer)ཡིན་ལ། ཁོ་ནི་ཁྲོ་རྒན་གཞུང་ལ་རྒོལ་མཁན་གྱི་ཨེན་ཊི་ཧྥ(Antifa)ཡིན། ཁོས་ཨེན་ཊའི་ཧྥ་ལ་འོས་བསྡུ་ཡི་སྐབས་སུ་སེམས་ཁྲལ་བྱེད་མི་དགོས། ངས་ཁྲོ་རྒན་མེད་པ་བཏང་དགོས་ཞེས་གད་མོ་དང་བཅས་བརྗོད་འདུག སྐབས་དེར་ ནད་ཡམས་ཀྱི་འགོ་བཙུགས་མེད། ༢༠༡༧ ལོར་ཁོས་འོས་བསྡུ་འཕྲུལ་ཆས་དེ་ནི་ག་འདྲ་བྱས་ནས་བེད་སྤྱོད་བཏང་སྟངས་སྐོར་བསླབས་ཀྱི་འདུག་ལ། བསླབས་པའི་བརྙན་ཡང་ཡོད་པ་ངས་མཐོང་སོང་། ཁོས་འོས་བསྡུ་ཡི་སྔོན་དུ་འོས་བསྡུ་ལས་ཁུངས་ཀྱིས་ཆོག་མཆན་མེད་པར། རྗོ་རྗེ་ཡའི་ནང་དུ་འོས་བསྡུ་གློག་ཀླད་ཀྱི་མཉན་ཆས་བརྗེ་སྤོར་བྱས་འདུག ཁོས་དེ་ལྟར་བརྗེ་སྤོར་བྱས་སོང་ཟེར་ནས་(David cross)མིག་མཐོང་གིས་ཁྲིམས་ཁང་སུ་དཔང་བོ་བྱས་འདུག ཁོས་མཉན་ཆས་དེ་ལྟར་བྱེད་ཐུབ་དགོས་དོན་ནི་རྗོ་རྗེ་ཡིའི་མངའ་སྡེའི་དྲུང་ཆེ་(Brad Raffensperger)གྱིས་ཁོ་ལ་རྒྱབ་སྐྱོར་བྱས་བས་རེད། (Eye opener)གསར་འགོད་པས་སྐུ་ཞབས(Goulet)བརྗོད་གསལ་ལྟར་ན་རྗོ་རྗེ་ཡའི་མངའ་སྡེའི་བློན་ཆེན་དང་རྒྱ་གཞུང་གཉིས་རྒྱུན་རིང་གྲོགས་པོ་ཡིན་ཞིང་། རྒྱ་ནག་གི་ལག་ནས་ཁོས་ཨ་སྒོར་ས་ཡ་མང་པོས་ཚོང་འབྲེལ་ཏེ་བླངས་ཚུལ་བརྗོད་འདུག མ་ཟད་ཁོའི་དྲུང་ཆེ་ཡི་ནང་མིས་ཀྱང་སྒྲོ་མེས་ནེས་ཡའི་འོས་བསྡུ་འཕྲུལ་ཆས་ཀྱི་ལག་ནས་ཨ་སྒོར་ས ༡༠༦ བླངས་ཡོད་པའི་གནས་ཚུལ་སླེབས་འདུག
ཁྲིམས་རྩོད་མ་ལྕམ་གསེ་སྒྲི་ནེས་ཕོའ་ཝལ་གྱིས་རྗོ་རྗེ་ཡའི་མངའ་སྡེའི་ཁྲིམས་ཁང་གི་ནང་དུ་ཤོག་ལེབ་བརྒྱ་དང་བཞི་ཡོད་པའི་འོས་བསྡུ་ཡི་སྐོར་ལ་གྱོད་དོན་གྱི་ཁྲིམས་བཏུག་བྱས་ཤིང་། ཡིག་ཆ་དེའི་ནང་དུ་མོས་འོས་བསྡུ་ཡི་གྱོད་གཞི་གཙོ་བོ་འཛུགས་ས་ཞིག་ནི་རྗོ་རྗེ་ཡའི་བློན་ཆེན་(Brian Kemp)དང་དྲུང་ཆེ་གཉིས་ཡིན་ལ། ཁོ་གཉིས་ཀས་ཁྲིམས་འགལ་གྱི་ཐོག་ནས་ཆོག་མཆན་བཀོད་ཅིང་། མདུན་ཕྲག་གསུམ་གྱི་འོས་ཤོག་གི་ཁ་ཕྱེ་རུ་བཅུག་པས་དེ་ནི་མངའ་སྡེ་དེའི་ཁྲིམས་དང་འགལ་ཡོད་འདུག མངའ་སྡེ་དེའི་ཁྲིམས་ལུགས་ལྟར་ན། འོས་ཤོག་འོས་བསྡུ་འགོ་མ་བཙུགས་བར་དུ་ཁ་ཕྱེ་ཆོག་གི་མེད།
བསྡུ་འཕྲུལ་ཆས་སྒྲོ་མེས་ནེས་ཡའི(Dominion) གློག་ཀླད་ཀྱི (Hard driver) རྒྱ་ནག་ནས་བཟོས་བ་ཡིན་པ་མ་ཟད། རྗོ་རྗེ་ཡའི་མངའ་སྡེའི་བློན་ཆེན (Brian Kemp) དང་ཁོའི་དྲུང་ཆེ་གཉིས་ཀས་ཡུལ་དེའི་འོས་བསྡུ་ལས་ཁུངས་དང་མཉམ་དུ་སྤྱི་མཐུན་ཚོགས་པ་དང་། མང་གཙོ་ཚོགས་པའི་འོས་ཤོག་གི་ལྟ་མཁན་ལ་དབྱེ་འབྱེད་བྱས་ཏེ། སྤྱི་མཐུན་ཚོགས་པའི་འོས་ཤོག་ལྟ་མཁན་ཚོ་ལ་གང་ཐུབ་ཀྱིས་བཀག་འགོག་དང་། ནང་དུ་ཡོང་མ་བཅུག་པ། ཡོང་བཅུག་ཀྱང་རྒྱང་ནས་བཞག་པ། ཡག་པོ་མཐོང་མ་བཅུག་པ་སོགས་བྱས་འདུག མ་ཟད་འོས་བསྡུ་འཕྲུལ་ཆས་དྲ་རྒྱ་ལ་མཐུད་མི་ཆོག་ཀྱང་། འོས་བསྡུ་འཕྲུལ་ཆས་ཀུན་དྲ་རྒྱ་ལ་མཐུད་ཡོད་པས། བྱིས་བ་ཡིན་ཡང་ཁ་དཔར་རྒྱུད་འོས་བསྡུ་ལས་ཐེ་གཏོགས་བྱེད་ཐུབ་ཀྱི་ཡོད་ཚུལ་ཁྲིམས་རྩོད་མ་ལྕམ་གསེ་སྒྲི་ནེས་ཡིས་བརྗོད་འདུག
སྐུ་ཞབས(Andy Huang)ནི་སྒྲོ་མེས་ནེས་ཡའི་འོས་བསྡུ་གློག་ཀླད་འཕྲུལ་ཆས་ཀྱི་བཟོ་བཀོད་བྱེད་མཁན་གཙོ་བོ་ཡིན་ཁར།
ཁོས་དེ་སྔོན་རྒྱ་ནག་གི(China Telecom)ལས་ཀ་བྱས་བ་མ་ཟད། རྒྱ་ནག་གི་དམག་མིའི་དྲ་རྒྱ་དང་།
རྒྱ་གཞུང་གི་དྲ་རྒྱའི་ལྕགས་རི་བཟོ་མཁན་གྱི་གཙོ་བའི་གྲས་ཤིག་ཡིན། (China telecom) ནི་ཨ་རིའི་བདེ་འཇགས་ལ་གནོད་ཀྱི་འདུག་ཟེར་ནས་ཁྲོ་རྒན་གཞུང་གིས་བཀག་ཡོད་ལ་།
བཀག་དགོས་དོན་ཡང་། དེས་རྒྱ་ནག་གི་དམག་མི་ལས་ཀ་བྱེད་ཀྱི་ཡོད་པས་ཡིན་ཚུལ་ཨ་གཞུང་གིས་བརྗོད་འདུག